ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་སྟེ་མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་། ཀན་སུའུ། སི་ཁྲོན་སོགས་ཀྱི་ནུབ་བྱང་ས་ཁུལ་གྱི་གལ་ཆེ་བའི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་གཅིག་པུར་གྱུར་ཡོད།

མདོ་དབུས་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་དེ་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་ར་ཆེ་རིགས་ཡིན་ལ། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར་ཚོང་གཉེར་བྱེད་མགོ་བརྩམས་པ་ཡིན། ལོ་གཉིས་ཀྱི་རིང་། བསྡུ་འགྲེམ་ལྟེ་གནས་ཀྱིས་ཚོང་འགྲུལ་པར་ཞབས་ཞུ་བསྒྲུབས་པ་དང་ཉོ་ཚོང་གི་ནུས་པ་རྒྱ་བསྐྱེད་པ། ཞིང་ཞོར་ཐོན་རྫས་ཀྱི་རྒྱུན་འཁོར་སྟེགས་བུ་བསྐྲུན་པ་སོགས་འདུ་ཤེས་སུ་བྱས་ཤིང་ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཚད་ལེན་ལ་གནོད་སྐྱོན་མེད་པ་དང་ལས་སྣོན་དང་བཀར་འཇུག དངོས་ཟོག་བསྐྱེལ་བ་སོགས་གཞི་གཅིག་ཏུ་བྱས་ཏེ་རིམ་བཞིན་ཉོ་ཚོང་ཁུལ་དང་ཚོང་ཟོག་ཆུང་རིགས་ཁུལ། ཕྱོགས་བསྡུས་ཞབས་ཞུའི་ཁུལ་སོགས་ནུས་པ་ཆེན་པོ་ལྔ་དང་ལྡན་ཞིང་གློག་རྡུལ་བསྡོམས་རྩིས་ལྟེ་གནས་དང་ཆ་འཕྲིན་དྲ་བའི་ལྟེ་གནས། ཞིང་ཞོར་ཐོན་རྫས་ཞིབ་བཤེར་ཚད་ལེན་ལྟེ་གནས། བཀར་འཇུག་ལྟེ་གནས། ལས་སྣོན་སྐྱེལ་འདྲེན་ལྟེ་གནས་སོགས་གཞི་ཁྱོན་ཆེས་ཆེ་ཞིང་ནུས་པ་ཕུན་སུམ་ཚོགས་པ། སྒྲིག་བཀོད་དེང་རབས་ཅན་དང་ཞབས་ཞུ་མི་གཤིས་ཅན་གྱི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་རྟེན་གཞི་རུ་འཕེལ་རྒྱས་སུ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།