ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུའུ་ཡི་བསྡོམས་རྩིས་གཞི་འཛིན་གྲངས་ཀ་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ། མཚོ་སྔོན་ཞིང་ཆེན་ནང་ཁུལ་ནས་ཉི་འོད་ནུས་པ་དང་རླུང་ནུས་གཙོ་བོ་ཡིན་པའི་ནུས་ཁུངས་གསར་བའི་གློག་འདོན་ཚད་ནི་དུས་ཚོད་རེར་སྟོང་ཝ་ཐེར་འབུམ་དྲུག་ལྷག་ལ་འཕེལ་ཡོད་ཅིང་། དེས་ཞིང་ཆེན་ཡོངས་ཀྱི་གློག་འདོན་སྤྱིའི་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་བརྒྱད་ཟིན་པ་དང་། ནུས་ཁུངས་གསར་བའི་གློག་འདོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་སྤྱིའི་ཁྲོད་ཀྱི་བསྡུར་ཚད་ནི་ན་ནིང་ལས་བརྒྱ་ཆའི་གསུམ་དང་གྲངས་ཆུང་བཞི་ཟིན། ཆུ་གློག་དང་མེ་གློག་ནི་ན་ནིང་ལས་སོ་སོར་བརྒྱ་ཆའི་གསུམ་དང་གྲངས་ཆུང་གཅིག་དང་ཐིག་དང་གྲངས་ཆུང་གསུམ་གྱིས་ཇེ་ཉུང་དུ་སོང་།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་འི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ནུས་ཁུངས་གསར་བའི་གློག་འདོན་ཚད་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་པ་དེས། མཚོ་སྔོན་གྱི་གློག་ཤུགས་ཐོན་སྐྱེད་སྒྲིག་གཞི་སྔར་ལས་ལེགས་བཅོས་སུ་ཕྱིན་པར་མ་ཟད། ད་དུང་དུས་ཚིགས་རང་བཞིན་གྱི་གློག་འདོན་རྒྱུན་ལྡན་ངང་འཁོར་སྐྱོད་ཡོང་བར་བྱེད་ནུས་མི་དམན་པ་ཐོན་ཡོད་ཟེར། དུས་ཚིགས་སྔོན་མ་གསུམ་གྱི་ནང་དུ། མཚོ་སྔོན་ཞིང་ཆེན་ཡོངས་སུ་ནུས་ཁུངས་གསར་བ་སྤྱོད་པའི་ཁེ་ལས་པ་བརྒྱ་དང་གྱ་གཅིག་ཡོད་ཅིང་། ནུས་ཁུངས་གསར་བའི་གློག་འདོན་སྒྲིག་ཆས་ཤོང་ཚད་སྟོང་ཝ་ས་ཡ་ལྔ་དང་འབུམ་གཅིག་ཁྲི་ལྔ་ལྷག་ལ་སླེབས་ཡོད་པས། དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གློག་ཤུགས་སྤྱིའི་ཤོང་ཚད་ལས་བརྒྱ་ཆའི་སུམ་ཅུ་ཟིན།

དེའི་ཁྲོད་དུ། ཉི་འོད་ནུས་པའི་གློག་འདོན་ཤོང་ཚད་སྟོང་ཝ་ས་ཡ་བཞི་དང་འབུམ་བདུན་ཁྲི་བརྒྱད་ལྷག་ལ་སླེབས་ཡོད་ཅིང་། རླུང་ཤུགས་གློག་འདོན་ཤོང་ཚད་སྟོང་ཝ་འབུམ་གསུམ་དང་ཁྲི་དྲུག་ལྷག་ཟིན་ཡོད། སྐྱེ་དངོས་རིམ་འགྱུར་གློག་འདོན་ནུས་པའི་ཤོང་ཚད་སྟོང་ཝ་སྟོང་གསུམ་དང་ལྔ་བརྒྱ་ཟིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།