ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་བྱེ་འགོག་བྱེ་བཅོས་བྱ་བའི་ཁྲོད་དུ“རྒྱུན་འཁྱོངས་ལྔ”ཧུར་ཐག་སྒོས་སྤེལ་ནས། རྒྱུན་ཆད་མེད་པར་བྱེ་འགོག་བྱེ་བཅོས་བྱ་བ་སྔ་མོ་ནས་སྤེལ་ཏེ་ཕན་འབྲས་ཅུང་བཟང་བོ་བླངས།

བྱང་གསུམ་ནགས་སྲུང་དང་། རྨོ་བསྐྱུར་ནགས་སྐྲུན་སོགས་ནགས་ལས་བཟོ་སྐྲུན་གལ་ཆེན་དང་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ། རྒྱལ་ཁབ་བྱེ་ཐང་དུ་འགྱུར་བའི་ས་ཞིང་བཀག་སྡོམ་སྲུང་སྐྱོབ་ས་ཁུལ་གྱི་ཚོད་ལྟ་དང་དེ་མིན་གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་སོགས་རྒྱལ་ཁབ་ལས་གཞི་ལག་བསྟར་བྱས་རྗེས། བྱེ་འགོག་བྱེ་བཅོས་འཛུགས་སྐྲུན་ཕན་འབྲས་ཇེ་མཐོར་བཏང་། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། བསྡོམས་པས་བྱེ་བཅོས་བྱེ་འགོག་སྤྱི་ཆིང་འབུམ་གསུམ་དང་ཁྲི་བདུན་སྟོང་གཅིག་ལྷག་ཡོངས་འགྲུབ་བྱས་ཤིང་། མ་དངུལ་སྒོར་མོ་ཁྲི་བདུན་དང་སྟོང་ལྔ་ལྷག་བཏང་བའི་ལས་འགན་ཡོངས་འགྲུབ་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གུང་ཧོ་དང་། ཀོས་ནན་རྫོང་གཉིས་དང་། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དང་ན་གོར་མོ་གྲོང་ཁྱེར་བཅས་ནས་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་པ་དང་། མ་དངུལ་སྒོར་མོ་བྱེ་བ་གཅིག་བཏང་ཞིང་། བྱེ་བཅོས་ནགས་སྐྲུན་མུའུ་ཁྲི་གསུམ་དང་སྟོང་དྲུག་ལྷག་ཡོངས་འགྲུབ་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།