ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བསྡུས་པའི་ཞིང་བ་ཞོར་ལས་པའི་གླ་ཕོགས་མ་ཆད་པར་སྟེར་བའི་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར། མཚོ་སྔོན་ཞིང་ཆེན་ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཁག་གིས་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པར་སྔོན་འགོག་དང་ཐག་གཅོད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཁྲིམས་ལྟར་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པའི་གྱོད་གཞི་སྟོང་གཅིག་དང་སུམ་བརྒྱ་གོ་དྲུག་ཐག་བཅད་དེ། ཞིང་བ་ཞོར་ལས་པ་ཁྲི་གཉིས་དང་སྟོང་གཅིག་སུམ་བརྒྱ་དོན་གཅིག་ལ་མ་བྱིན་པར་ཆད་ཡོད་པའི་གླ་ཕོགས་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་དྲུག་འབུམ་གསུམ་ཁྲི་བཞི་བྱིན་པ་དང་། བསམ་བཞིན་དུ་གླ་ཕོགས་མི་སྟེར་བ་དང་གླ་ཕོགས་མ་བྱིན་པར་བྲོས་བྱོལ་བྱས་པའི་ཁྲིམས་འགལ་གྱོད་གཞི་ཆེན་པོ་བཅུ་དྲུག་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་དུ་བཅུག་ལ། དེ་ཚོའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱས་ཏེ། ཕན་ནུས་ཡོད་པའི་སྒོ་ནས་ཞིང་བ་ཞོར་ལས་པ་ཚོའི་ཁྲིམས་མཐུན་ཁེ་དབང་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱས།

ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་ལྟར་མི་སྟེར་བའི་གནད་དོན་ལ་སྔོན་འགོག་དང་དེ་ཐག་གཅོད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་སྔ་མོ་ནས་ལོ་མཇུག་དང2016ལོའི་ལུགས་གསར་ལོ་སར། ལུགས་རྙིང་ལོ་སར་སྐབས་ཀྱི་ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་ལྟར་མི་སྟེར་བར་འགོར་འགྱངས་བྱེད་པའི་གནས་ཚུལ་མེད་པར་བཟོ་བའི་བྱ་བར་སྐུལ་སློང་བཀོད་སྒྲིག་བྱས། ད་ལོར། མཚོ་སྔོན་ཞིང་ཆེན་ངལ་རྩོལ་ལྟ་ཞིབ་སྡེ་ཁག་གིས་བྱེད་ཐབས་ཤུགས་ཡོད་སྤྱད་དེ་ཞིང་བ་ཞོར་ལས་པའི་གླ་ཕོགས་ཐད་ཀྱི་གྱོད་གཞི་ཐག་གཅོད་ནན་མོ་བྱས་པ་དང་། གླ་ཕོགས་ཆད་པའི་བྱ་བར་ཞིབ་བཤེར་བྱེད་པའི་ཐད་ཤུགས་བསྣན་པ་དང་། འཕྲལ་བསྟུན་སྔོན་བརྡའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པའི་གྱོད་གཞི་ཐད་ནས་མྱུར་དུ་གྱོད་གཞི་འཛུགས་པ་དང་། མྱུར་དུ་ཐག་གཅོད་པ། མྱུར་དུ་གྱོད་གཞི་མཇུག་བསྡུ་བ་དང་། བསམ་བཞིན་དུ་ཞིང་བ་ཞོར་ལས་པའི་གླ་ཕོགས་ཆད་པའི་ལས་ཁུངས་ལ་མིང་ཐོ་ནག་པོའི་ལམ་ལུགས་ལག་བསྟར་བྱས་ཏེ། ཁྲིམས་ལུགས་དང་སྲིད་འཛིན། དཔལ་འབྱོར་སོགས་ཕྱོགས་བསྡུས་བྱེད་ཐབས་བཀོལ་ནས་བཅོས་སྐྱོང་བྱས་པ་མ་ཟད། འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཞིང་བ་ཞོར་ལས་པའི་གླ་ཕོགས་འགན་སྲུང་མ་དངུལ་སྤྲོད་པའི་ལམ་ལུགས་འཛུགས་པ་སོགས་བྱས་ཏེ། ཧུར་ཐག་གིས་ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།