ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «ཀྲུང་གོ་གུང་ཁྲན་ཏང་སྤྱོད་གཙང་རང་གཅུན་ཚད་གཞི»དང་།«ཀྲུང་གོ་གུང་ཁྲན་ཏང་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག»བཀྲམས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་མྱུར་དུ་ཆེད་དོན་གྲོས་ཚོགས་བསྡུས་ནས། ཆེད་དོན་སྒྲོག་འདོན་སོགས་ཀྱི་རྣམ་པ་སྤྱད་དེ་སློབ་སྦྱོང་བྱས་པ་མ་ཟད་ཕྱིན་ཆད་ཀྱི་ལག་བསྟར་དངོས་འབེབས་བྱ་བ་བཀོད་སྒྲིག་བྱས། ཚང་མས་བལྟས་ན། ཏང་གི་སྒྲིག་ཁྲིམས་ཀྱི་ཚད་གཞི་གཟབ་ནན་དུ་གཏོང་བ་དང་། སྲིད་གཙང་སྤྱོད་གཙང་གི་ཆབ་སྲིད་ངོ་བོ་འགྱུར་བ་མེད་པར་བྱས་ནས། སྒྲིག་ལམ་སྲུང་བ་དང་། སྒྲིག་སྲོལ་བརྩི་བའི་ཁོར་ཡུག་ཅིག་བསྐྲུན་དགོས་པར་སྙམ།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་སློབ་སྦྱོང་བྱེད་པའི་ཁྲོད་དུ་བལྟས་ན། ཚད་གཞི་དང་སྲོལ་ཡིག་གཉིས་བཀྲམས་ནས་ལག་བསྟར་བྱེད་པ་ནི། ཏང་གིས་དུས་ཡུན་རིང་བོར་སྲིད་སྐྱོང་བ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བའི་ཆ་རྐྱེན་འོག་ཏུ། ཁྲིམས་ལྟར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བྱ་བ་མངོན་འགྱུར་བྱེད་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་གྲུབ་འབྲས་མཚོན་ཡོད། གྲོང་ཁྱེར་དང་ཁུལ་སོ་སོས་བལྟས་ན། ཚད་གཞི་དང་སྲོལ་ཡིག་གཉིས་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་པར་སྙམ།

ཟི་ལིང་གྲོང་ཁྱེར་གྱིས་སློབ་སྦྱོང་གི་ཇུས་གཞི་གཏན་ལ་ཕབ་སྟེ། ལྟེ་གནས་ཚན་ཆུང་ནས་སློབ་སྦྱོང་བྱས་པ་དང་། “གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་ཆེད་དོན་སློབ་གསོ་དང་། རྩ་འཛུགས་འཚོ་བ། ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་། ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་སྲིད་གཙང་ཚད་ལེན་ཞིབ་བཤེར། དམིགས་འབེན་དཔྱད་ཞིབ། ཏང་སྲོལ་སྲིད་གཙང་འགན་འཁྲི་ལམ་ལུགས་དཔྱད་ཞིབ་བཅས་རྩ་འཛུགས་བྱས་ནས། གྲོང་ཁྱེར་དང་རྫོང་ཡོངས་ཀྱི་ཁྲུའུ་རིམ་པ་ཡན་ཆད་ཀྱི་ལས་བྱེད་པར་ཁ་ཕྱོགས་ཏེ་ཆེད་དོན་ཟུར་ཁྲིད་སྙན་ཞུ་བཀོད་སྒྲིག་བྱས་ཤིང་། ཚང་མར་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་རོགས་བྱས་ནས། བསམ་བློའིོ་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ཇེ་དྲག་ཏུ་བཏང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཡོན་ལས་བྱེད་པས་བསྟན་དོན། ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ལམ་བཅས་ཀྱི་འདུ་ཤེས་ཆགས་པར་བྱས་ནས། སྒྲིག་སྲོལ་དང་སྒྲིག་ལམ་སྲུང་ནས། རང་རྟོགས་སྒོས་སྤྱོད་གཙང་རང་གཅུན་ཐད་ནས་ཚད་གཞི་མཐོན་པོ་འཛིན་པ་དང་། ཏང་གི་སྒྲིག་ཁྲིམས་ནན་མོར་སྲུང་ནས་ཁྲིམས་འགལ་གྱི་ཉེན་ཁ་དང་བྲལ་ཏེ། རིམ་བཞིན་ལམ་ལུགས་བརྩི་བ་དང་། ལམ་ལུགས་སྲུང་བའི་ཁོར་ཡུག་ཅུང་བཟང་བོ་ཞིག་ཆགས་པར་བྱེད་དགོས་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་གྲོས་ཚོགས་སྟེང་། ལས་ཁུངས་ཀྱི་ལས་བྱེད་པ་ཚང་མས་བལྟས་ན། ངེས་པར་དུ་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་གྱི་གཏན་ཁེལ་སེམས་ལ་དམ་པོར་བཟུང་ནས། རང་རྟོགས་སྒོས་ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་གྱི་རེ་བ་ལག་ལེན་བྱེད་དགོས་པ་དང་། སྣེ་ཁྲིད་དེ་ཏང་གི་ཆབ་སྲིད་སྒྲིག་ལམ་དང་། སྲིད་གཙང་སྒྲིག་ལམ། བྱ་བའི་སྒྲིག་ལམ་སོགས་བརྩི་སྲུང་བྱས་ནས། ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་ལམ་སྲུང་བའི་དཔེ་ལེགས་པ་ཞིག་ཏུ་འགྱུར་བར་བྱེད་དགོས་སྙམ། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་དཔེ་ལེགས་ལག་ལེན་མཁན་ཞིག་བྱས་ནས། ནམ་ཡིན་ཡང་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་དེ་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། མིག་དཔེའི་ནུས་པ་འདོན་དགོས་པ་དང་། ནམ་ཡིན་ཡང་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་དང་སྐུལ་འདེད་བཏང་ནས། སྒྲིག་ལམ་བརྟན་པོ་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་དགོས་སྙམ།

ཡུས་ཧྲུའུ་དང་རྨ་ལྷོ། མགོ་ལོག་སོགས་ས་ཆ་ཚང་མས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚད་གཞི་དང་སྲོལ་ཡིག་གཉིས་བཟོ་བཅོས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་ཟབ་མོ་བྱས་ནས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་ཁུར་གཙོ་བོ་ཁྱོན་ཡོངས་ནས་ཁུར་དགོས་པ་དང་དངོས་འབེབས་བཟང་བོ་བྱེད་དགོས་ལ། ནན་ཏན་སྒོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་ལག་ལེན་བྱེད་པ། ཚད་གཞི་དང་སྲོལ་ཡིག་གཉིས་ལ་སློབ་སྦྱོང་དང་དྲིལ་སྒྲོག སློབ་གསོ་སྤེལ་བ་དེ་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་དགོས་པ་དང་། བསམ་བློའི་ངོ་བོར་ཁྱོན་ཡོངས་ནས་གོ་བ་བླངས་ཏེ། ཡང་དག་པའི་སྒོ་ནས་ནང་དོན་ཁོང་དུ་ཆུད་པར་བྱེད་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།