ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་ཚེས་བཅུ་གཅིག་ཉིན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་བགྲོ་གླེང་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྒྲིག་ལམ་ལ་ཤུགས་བསྣན་ནས་གང་འདོད་དུ་དབང་བཀོལ་བ་དང་། བྱ་བ་ནན་ཏན་སྒོས་མི་སྒྲུབ་པའི་གནད་དོན་ཐག་བཅད་དེ། ཆོས་ཉིད་ལྟར་གཟབ་ནན་གྱིས་དབང་བཀོལ་བ་དང་། བྱ་བ་སྒྲུབ་མཁས་པའི་སྤྱོད་སྟངས་བཟང་བོར་བརྟེན་ནས། ཧུར་ཐག་སྒོས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཚང་མའི་གཏམ་བཤད་ལ་ཉན་རྗེས། ཀྲང་ཞི་མེན་གྱིས་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་ཆེད་དོན་སློབ་གསོ་ལས་ཐོབ་པའི་གྲུབ་འབྲས་དང་། ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གིས་མཐུན་ཚོགས་སོ་སོ་ཁྲིད་དེ་མཐུན་སྒྲིལ་དམ་པོས་འབད་བརྩོན་བྱས་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་བྱས་ཤིང་། གོ་རིམ་རྗེས་མའི་བྱ་བར་རེ་བ་འགའ་བཏོན། ཁོས་ནན་གྱིས་བསྟན་དོན། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱ་བའི་དོན་དངོས་དང་ཟུང་དུ་སྦྲེལ་ཏེ་སྒྲིག་ལམ་ཇེ་དམ་དུ་གཏོང་དགོས། གཅིག་ནས་སྒྲིག་ལམ་ལ་ཤུགས་སྣོན་དགོས་པ་དང་། ནང་སྒོས་སུ་ཆབ་སྲིད་སྒྲིག་ལམ་དང་། དྲིལ་སྒྲོག་སྒྲིག་ལམ། ཏང་སྲོལ་སྲིད་གཙང་སྒྲིག་ལམ། གཏན་ཁེལ་བརྒྱད་བཅས་ཀྱི་ལག་བསྟར་དང་། རྩ་འཛུགས་སྒྲིག་ལམ་ལ་ཤུགས་བསྣན་ཏེ། རིག་རྩལ་བྱ་བའི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་དབྱང་གི«ཚད་གཞི»དང་«སྲོལ་ཡིག»གི་རེ་བ་ལག་བསྟར་བྱེད་དགོས་ལ། གོང་རིམ་གྱིས་འོག་རིམ་ལ་མིག་དཔེ་སྟོན་པའི་ནུས་པ་བཏོན་ནས། མུ་མཐུད་དུ་སྐོར་ཞིབ་ཁྲོད་དུ་ཤེས་པའི་གནད་དོན་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས། སྒྲིག་སྲོལ་བཙུགས་ནས་ཁྲིམས་སྐྱོང་བ་བརྒྱུུད་དེ“གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན། ཡུན་ཕན་ཅན་དུ་འགྱུར་བར་བྱེད་དགོས། གཉིས་ནས་གནས་བབ་གསར་བའི་འོག་གི་རིག་རྩལ་བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས། སློབ་སྦྱོང་ནན་མོ་བྱེད་པར་རྟོག་ཞིབ་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་རིག་རྩལ་ཤེས་ལྡན་མི་སྣ་འཚར་ལོངས་དང་རིག་རྩལ་གསར་རྩོམ། རིག་རྩལ་ལས་དོན་འཕེལ་རྒྱས་དང་རང་སྟེང་རྩ་འཛུགས་འཛུགས་སྐྲུན་སོགས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། འཕེལ་རྒྱས་དང་མཐུན་པར་བྱས་ཤིང་། བྱེད་ཐབས་གསར་བ་བཀོལ་ཏེ། བྱ་བ་སྒྲུབ་འདོད་པ་ནས་བྱ་བ་སྒྲུབ་མཁས་པར་བྱས་ནས། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་དུས་རབས་ལ་ངོ་མི་གནོང་དགོས་པ་དང་། ལོ་རྒྱུས་ལ་ངོ་མི་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱས་ནས་རིག་རྩལ་གྱི་ཡང་རྩེར་བསླེབ་པར་བྱེད་དགོས་ཟེར།

ཀྲང་ཞི་མེན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཐུན་ཚོགས་རེ་རེར་སོང་ནས་སྒྱུ་རྩལ་པ་དང་ལས་བྱེད་པ། ལས་བཟོ་བ་རྣམས་ལ་འཚམས་འདྲི་བྱས་པ་མ་ཟད། ཞིང་ཆེན་མཛེས་རྩལ་ཁང་འཛུགས་སྐྲུན་བྱེད་སའི་ཡུལ་དངོས་སུ་སོང་ནས་བྱ་བར་རྟོག་ཞིབ་བྱས།   ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།