ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་ཁུལ་གྱི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་ཚོགས། གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མི་རིགས་དང་འཐབ་ཕྱོགས་གཅིག་གྱུར། བོད་ཁུལ་བཅས་ཀྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བྱས་ནས་བྱ་བར་སྤྱི་སྡོམ་དང་ཉམས་མྱོང་བརྗེ་རེས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འགན་ཁུར་ཇེ་ཞིབ་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་། གསར་འཛུགས་བྱ་བར་རེ་བ་མཐོན་པོ་བཟུང་སྟེ་ཕྱོགས་ཡོངས་ནས་གོ་རིམ་གཉིས་པའི་འཐབ་ཇུས་ལག་བསྟར་བྱས་ནས་དུས་ལྟར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་པར་འགན་སྲུང་བྱེད་རྒྱུ་དེ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གསརའཛུགས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཅོ་གཞོན་པ། ཞིང་ཆེན་གསར་འཛུགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བསྟན་ཁོ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིག་ཀྲི་ཆང་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གོ་ཅན་ཅོན་ཡང་གྲོས་ཚོགས་སུ་ཞུགས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། གསར་འཛུགས་བྱ་བའི་གནས་ས་གཅིག་ཏུ་བསྡུ་དགོས་པ་དང་། དམངས་ཚིས་དང་དམངས་སེམས་ནི་སྔོན་ཐོན་ཁུལ་གསར་འཛུགས་བྱེད་པའི་གཤོག་ཟུང་ཡིན། བསམ་བློའི་གནད་དོན་ཐག་གཅོད་པ་དང་དོན་དངོས་གནད་དོན་ཐག་གཅོད་པ་གཉིས་གཅིག་གྱུར་བྱེད་པ་དང་། དངོས་པོའི་སྟོབས་ཤུགས་དང་བསམ་བློའི་སྟོབས་ཤུགས་གཉིས་ཕྱོགས་བསྡུས་བྱས་ནས་གཞི་རིམ་གྱི་རྨང་གཞི་ལེགས་པོར་འདིང་བ་དང་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ། དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པ། མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་སོགས་ཀྱི་གནད་ས་འབུར་དུ་ཐོན་པ་དང་བྱ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

བསྟན་ཁོས་ལོ་གསུམ་རིང་གི་གསར་འཛུགས་བྱ་བའི་གྲུབ་འབྲས་དང་མི་འདང་ས་སྤྱི་སྡོམ་བྱས་ཏེ་མ་ལོངས་པའི་ལོ་ལྔའི་རིང་གི་གསར་འཛུགས་བྱ་བ་བཀོད་སྒྲིག་བྱས། གྲོས་ཚོགས་ཀྱི་སྐབས་སུ་ད་དུང་ཡུལ་དངོས་སུ་ལྟ་སྦྱོང་བྱས་པ་དང་ཚན་ཆུང་བགོས་ནས་གྲོས་སྡུར་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།