ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་དུ་ལོ་ངོ10རིང་ལ་ཞོར་ལས་གཉེར་བའི་ཞིང་བ་ལོས་ཀྲུའུ་ཞའོ་ཡིས་ད་ལྟ་ཁྱིམ་ཐོ་གྲོང་ཁྱེར་དུ་སྤར་ན་ཧ་ཅང་སྟབས་བདེ་ཡིན་ལ། ཆ་རྐྱེན་དང་མཐུན་ཚེ་ཞིང་བའི་ཁྱིམ་ཐོ་ཡིན་པ་དང་ཞིང་བའི་ཁྱིམ་ཐོ་མ་ཡིན་པའི་ཁྱིམ་ཐོ་སོགས་ཟི་ལིང་དུ་གནས་སྤར་ཐུབ། དེ་རིང་ནས་བཟུང་ང་ཚོ་གྲོང་ཁྱེར་གྱི་མི་རུ་གྱུར་སོང་བ་དང་གནས་འདི་ནས་རང་གི་ཁྱིམ་ཡོད་པས། རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ངེས་ཟེར། རྒྱལ་ནང་དུ་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་ཅུང་བྱེད་སྔ་བའི་ཞིང་ཆེན་ཞིག་ལ་མཚོན་ན། ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་རོང་འབྲོག་ཁུལ་གྱི་ཁྱད་ཆོས་མི་མཐུན་པ་དང་མང་ཚོགས་ཀྱི་འདོད་བློ་ལྟར། ཁྱོན་ཡོངས་ནས་བྱ་བ་སོ་སོ་སྒྲུབ་འགོ་བརྩམས་པ་དང་ན་ནིང་གི་ལོ་མཇུག་བར། ཞིང་ཆེན་ཡོངས་ནས་དུད་ཁྱིམ་ཁྲི31.4དང་མི་གྲངས109.46ལྷག་མཁར་གྲོང་གི་ཁྱིམ་ཐོ་སྒྲུབ་པ་དང་། འཁོར་རྒྱུག་མི་སྣ་ཁྲི37.8ལ་གནས་སྐབས་ཀྱི་སྡོད་གནས་དཔང་ཡིག་གནང་།

རང་ཞིང་གི་ཁྱིམ་ཐོ་བཅོས་བསྒྱུར2010ལོ་ནས་སྤེལ་འགོ་བརྩམས་པ་ནས་ད་ལྟའི་བར་རང་ཞིང་གི་སྔ་གཞུག་ཏུ་དམངས་ཕན་སྲིད་ཇུས30ལྷག་འགྲེམ་སྤེལ་བྱས་པ་དང་། གཙོ་བོར《སྡེ་མི་ཨུ་ཡོན་ལྷན་ཁང་མེད་པར་གཏོང་བ་དང་མཁར་གྲོང་འདུས་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང་འཛུགས་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་མཛུབ་སྟོན་བསམ་འཆར》དང《ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་ཁྲོད་འབྲེལ་ཡོད་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་ལེགས་པོ་སྒྲུབ་དགོས་པའི་བརྡ་ཐོ》དང《གནས་བབ་གསར་བའི་འོག་ལས་ཞུགས་དང་ལས་སྐྲུན་བྱ་བ་ལག་བསྟར་བྱེད་པའི་བསམ་འཆར》སོགས་ཡིན། ཁ་གསབ་སྲིད་ཇུས་འདི་དག་འགྲེམ་སྤེལ་བྱས་པ་བརྒྱུད། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་བྱེད་པའི་སྲིད་ཇུས་མ་ལག་ཞིག་གསར་སྐྲུན་བྱས་པ་མ་ཟད། སྲིད་ཇུས་དེ་དག་ལག་དེབ་སྒྲིག་ནས་མང་ཚོགས་ལ་ཞངས་ཞུ་སྒྲུབ་པ་དང་ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་ལ་སྟོབས་ཤུགས་ཆེན་པོ་བཏོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།