ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11བའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ་དང་པོ་ནས་ཟླ10བར་གྱི་བཟོ་ལས་དཔལ་འབྱོར་འཁོར་སྤྱོད་གནས་བབ་ཀྱི་དབྱེ་ཞིབ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལའོ་ཡུས་ལིན་ཚོགས་འདུར་འགོ་འཛིན་བྱས་པ་དང་གཏམ་བཤད།

ཚོགས་འདུ་ལས་ཟླ་དང་པོ་ནས་ཟླ10བར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཐད་ནན་ཏན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། དམིགས་འབེན་ཁ་ཕྱོགས་ས་དང་གནད་དོན་ཁ་ཕྱོགས་ས་སོགས་ཟུང་དུ་སྦྲེལ་དེ་བྱེད་ཐབས་སྣ་ཚོགས་སྤྱད་པར་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་བྱས་ཡོད་པར་བསྟན།

ཚོགས་འདུ་ལས་དེང་སྐབས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གནས་བབ་སྔར་བཞིན་ཛ་དྲག་ཡིན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བློ་སྤོབས་བཅིངས་བ་དང་འགན་འཁྲི་ཡོད་པ། གཙོ་གནད་འཛིན་པ་དང་བྱེད་ཐབས་ལེགས་པོ་སྤྱད་པ་སོགས་ནུས་ཤུགས་ཡོད་དགུ་བཏོན་ནས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས་ལ། དཔལ་འབྱོར་འཕར་བའི་གནད་ས་གསར་བ་གསོ་སྐྱོང་བྱས་ཏེ། ཁྱད་ལྡན་བཟོ་ལས་ཁེ་ལས་རྒྱ་བསྐྱེད་པ་དང་ལོ་ཡོངས་ཀྱི་བཟོ་ལས་དངུལ་གཏོང་དམིགས་འབེན་ལ་དོ་སྣང་ཆེན་པོ་བྱས་པ་བརྒྱུད།  ཁེ་ལས་དག་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་མཉམ་གཅིག་ཏུ་གོང་འཕེལ་དུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་པར་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།