ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྲིད་གཞུང་ནས་ཤེས་གསལ་ལྟར་ན། 2014ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར53.20བཏང་སྟེ་ནུས་ཤུགས་ཡོད་དགུ་བཏོན་ནས་ཆུའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་བྱས་པ་དང་གྲུབ་འབྲས་མངོན་གསལ་ཐོབ།

2013ལོར་ཟི་ལིང་གྲོང་ཁྱེར་ལ་རྒྱལ་ཁབ་ཆུ་བེད་པུའུ་ཡིས་རྒྱལ་ཡོངས་ཀྱི་ཆུའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར་དུ་གཏན་འཁེལ་བྱས་པ་ནས་བཟུང་། “ཟི་ལིང་ལེགས་བཅོས་བྱེད་པར་ཆུ་ནི་གཙོ་གནད་ཡིན”ཞེས་པའི་འཕེལ་རྒྱས་འདུ་ཤེས་ལ་ཁ་ཕྱོགས་ནས། ཆུའི་སྐྱེ་ཁམས་དཔལ་ཡོན་གྲོང་ཁྱེར་ཚོད་ལྟའི་གྲོང་ཁྱེར་འཛུགས་སྐྲུན་ཏེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་ཁུལ་གྱི་གཙོ་གནད་ནུས་པ་འདོན་སྤེལ་བྱེད་པ་དང་། མཐོ་སྒང་གི་རི་ཆུའི་གྲོང་ཁྱེར་གྱི་ས་ཁོངས་རྣམ་པ་འབུར་དུ་ཐོན་པ་དང་ཐན་སྐྱོན་གྱི་གནོད་པ་ཅུང་ཆེ་བའི་མཐོ་སྒང་གི་ཆུའི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་རྣམ་པ་འཚོལ་ཞིབ་བྱས་པ་སོགས་ཆུའི་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་ལེགས་བསྒྱུར་བྱེད་པར་རྒྱུན་འཁྱོངས་བྱེད་དགོས།

དུས་ཡུན་རིང་པོ་ཞིག་གི་ནང་། ཟི་ལིང་གྲོང་ཁྱེར་གྱིས་ཆུའི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བཟོ་འགོད་གཙོ་བྱས་ཏེ། དག་གཙང་དང་མཛེས་སྡུག་གི་ཆུའི་སྐྱེ་ཁམས་མ་ལག་གསར་སྐྲུན་བྱེད་པ་དང་། དམངས་འཚོའི་ཆུ་བེད་བཟོ་འགོད་འཛུགས་སྐྲུན་བྱེད་པ་གཙོ་བྱེད་པ། མི་ཕྱུགས་འཐུང་ཆུའི་བདེ་འཇགས་ལག་བསྟར་བྱེད་པ། ཞིང་ལས་ཆུ་བེད་སྒྲིག་ཆས་བཀོད་སྒྲིག་བྱེད་པ། ཆུ་ལོག་སོགས་གནོད་འཚེ་སྔོན་འགོག་སོགས་དམངས་ཕན་བཟོ་འགོད་སྐོར་ཞིག་ལག་བསྟར་བྱས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།