ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རྨོ་བསྐྱུར་ནགས་སྐྲུན་བྱ་བ་ལག་བསྟར་བྱས་རྗེས་ཀྱི་རྗེས་མཐུད་ཐོན་ལས་དང་སྤྱི་ཕན་ནགས་འཛུགས། ཞིང་སྡེ་གསར་བའི་ལྗང་བསྒྱུར། མཁར་གྲོས་ལྗང་བསྒྱུར་སོགས་ནགས་ལས་སྐྱེ་ཁམས་བཟོ་སྐྲུན་སྤེལ་ནས། ཤུགས་ཆེན་པོས་མཁར་གྲོང་སྡོད་དམངས་ཀྱི་ཁོར་ཡུག་ཇེ་བཟང་དུ་བཏང་།

ད་ལྟ་རྫོང་ཡོངས་སུ་ལྗང་བསྒྱུར་སྡོང་ཕྲུག་སྣ་ཚོགས་འབུམ་གསུམ་བཙུགས་པ་དང་། སྐྱ་རེངས་གྲམ་པའི་ལྗང་བསྒྱུར་ལས་འགན་བརྒྱ་ཆའི་བརྒྱ་ཡོངས་འགྲུབ་བྱས། མཁར་གྲོང་ལྗང་བསྒྱུར་གྱི་ཡུལ་ལྗོངས་བཟོ་སྐྲུན་ཚང་མ་ཡོངས་འགྲུབ་བྱས། ད་ལོའི་ལོ་ཧྲིལ་བོར་བསྡོམས་པས་ནགས་རིར་ཐེངས་སུམ་ཅུ་ལྷག་ལ་ཞིབ་བཤེར་དུ་སོང་ནས། ནགས་ཚལ་གྱོད་གཞི་གཉིས་རྩད་ཆོད། ཉེ་བའི་ལོ་འགའི་རིང་ལ་བསྡོམས་པས་མེ་འགོག་གྲོས་ཚོགས་ཐེངས་ལྔ་བཅུ་ལྷག་བསྡུས་ནས། མེ་འགོག་ཤེས་བྱའི་དྲིལ་སྒྲོག་རྒྱུ་ཆ་ཁྲི་གཉིས་ལྷག་བཀྲམས། དྲིལ་སྒྲོག་རྒྱ་ཆེན་པོ་སྤེལ་རྗེས། ཉེ་བའི་ལོ་འགའི་རིང་ལ་ནགས་ཚལ་ལ་མེ་སྐྱོན་ཐེངས་གཅིག་ཀྱང་མ་བྱུང་བ་དང་། ནགས་ཚལ་ཐོན་ཁུངས་ལ་རྒྱུན་སྲིང་ངང་སྲུང་སྐྱོབ་ཐོབ་པ་མ་ཟད། ནགས་ཁུལ་སོ་སོ་ནས་ལྟ་ཞིབ་བྱེད་ས་གསུམ་རེ་བཙུགས་པ་དང་། ལས་བྱེད་མི་སྣ་ཉིས་བརྒྱ་ལྷག་རྩ་འཛུགས་བྱས་ནས་གནོད་འབུ་སྔོན་འགོག་བྱ་བ་སྤེལ་བ་དང་། གནོད་འབུ་ལྟ་ཞིབ་སྔོན་བརྡ་དང་ཚོད་འཛིན་བྱ་བར་ཤུགས་བསྣན་ནས། ད་ལྟ་ནགས་ལས་ཀྱི་གནོད་པར་ཚོད་འཛིན་བྱས་ཚད་མུའུ་ཁྲི་གཉིས་དང་སྟོང་དགུ་ལྷག་ལ་སླེབས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།