ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཆི་ལེན་རྫོང་གི་བུད་མེད་བྱིས་པའི་གཟིགས་སྐྱོང་ཐེབས་རྩ་བཙུགས་པ་དང་། གཟིགས་སྐྱོང་ཐེབས་རྩ་དེ་ནི་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་ཏེ། དཀའ་ཁག་ཅན་གྱི་བུད་མེད་དང་བྱིས་པར་རོགས་སྐྱོར་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོར་བཟུང་ནས་བཙུགས་པའི་སྤྱི་ཕན་རང་བཞིན་དང་ཕན་ཚུན་རོགས་རེས་བྱེད་པ། མང་ཚོགས་རང་བཞིན་གྱི་གཟིགས་སྐྱོང་ཐེབས་རྩ་རེད། ཆི་ལེན་རྫོང་གི་བུད་མེད་དང་བྱིས་པའི་གཟིགས་སྐྱོང་ཐེབས་རྩའི་དོ་དམ་བྱེད་ཐབས་ཁྲོད་རོགས་སྐྱོར་ཁྱབ་ཁོངས་དང་དངུལ་གྲངས། དངུལ་སྟེར་བའི་གོ་རིམ་གཏན་ཁེལ་བྱས་ཡོད་པ་དང་། གཙོ་བོར་ནད་ལྕི་མོ་བྱུང་བ་དང་ཡང་ན་དོན་རྐྱེན་ཆེན་པོ་བྱུང་ནས་འཚོ་བར་དཀའ་ཁག་བྱུང་བའི་བུད་མེད་ཁྱིམ་ཚང་དང་བུད་མེད་དབང་བོ་སྐྱོན་ཅན། དཀའ་ཁག་ཅན་གྱི་བུད་མེད་སློབ་མ། ཕ་མ་གམ་དུ་མེད་པའི་བྱིས་པ་སོགས་ཉམས་ཞན་མི་ཚོགས་ལ་ཁ་གཏད་དེ། ཁོ་ཚོའི་ཐོན་སྐྱེད་འཚོ་བོའི་ཁྲོད་ཀྱི་སྨན་བཅོས་དང་སློབ་ཞུགས་སོགས་ཕྱོགས་ཀྱི་དཀའ་ཁག་དངོས་ཐག་གཅོད་བྱེད་རྒྱུ་རེད། ཐེབས་རྩའི་མ་དངུལ་ཐད་ནས་རྫོང་སྲིད་གཞུང་གིས་མ་དངུལ་སྟེར་བ་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཞལ་འདེབས་འབུལ་བ་གཉིས་གཙོར་བྱེད་པ་དང་། རྫོང་ནོར་སྲིད་ཀྱིས་ལོ་རེར་ནོར་སྲིད་སྔོན་རྩིས་ཁྲོད་ཀྱི་སྒོར་ཁྲི་ལྔ་རྨང་གཞིའི་མ་དངུལ་དུ་བྱས་པ་དང་། དེ་ལས་གཞན་པའི་མ་དངུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་སྟོབས་ཤུགས་ཀྱི་དངོས་ཟོག་དང་སྒོར་མོའི་ཞལ་འདེབས་ཕུལ་བར་བརྩོན་ལེན་བྱེད་རྒྱུ་རེད།

ཆི་ལེན་རྫོང་གི་བུད་མེད་དང་བྱིས་པའི་གཟིགས་སྐྱོང་ཐེབས་རྩ་བཙུགས་པ་དེས་ཉམས་ཞན་གྱི་བུད་མེད་དང་བྱིས་པ་རྣམས་ཀྱི་དཀའ་ཁག་ཐག་གཅོད་ཐུབ་པ་མ་ཟད། ཏང་དང་བུད་མེད་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་ཐུབ་པ་དང་་། ཏང་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་མང་ཚོགས་ཁྲོད་ཀྱི་ཤན་ཤུགས་ཇེ་དྲག་ཏུ་གཏོང་ཐུབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།