ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་དགུན་དཔྱིད་ཀྱི་ཁངས་གནོད་དང་། དབྱར་ཁར་ཆར་ཆུ་བབས་དྲགས་ཏེ། ནམ་ཟླ་ཇེ་འཁྱག་ཏུ་འགྲོ་བ། ཕྱུགས་ལས་ཐོན་སྐྱེད་ཁྲོམ་རའི་ཡོང་སྒོ་ཇེ་དམའ་རུ་འགྲོ་བའི་གནས་ཚུལ་བཅས་ལ་ཁ་གཏད་འཇལ་ནས། ཞིང་ཕྱུགས་ལས་རིགས་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབ་བྱེད་པ་དང་། མགྱོགས་མྱུར་གྱི་ངང་ནས་ཚན་རྩལ་ཁྱབ་བརྡལ་དུ་གཏོང་བ། རྨང་གཞིའི་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། ཞིང་ཕྱུགས་ལས་རིགས་ལ་སྐུལ་འདེད་བཏང་སྟེ། རོང་འབྲོག་པའི་ཐོན་སྐྱེད་ཡོང་སྒོ་ཇེ་མཐོར་བཏང་།

རྐང་ཚ་རྫོང་གིས་ད་ལོའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བྱེད་ཆེད། གཟན་རྩྭ་གསོག་འཇོག་བྱེད་སའི་ནང་རྐྱེན་འཛུགས་སྐྲུན་བྱས་ནས། གཟན་རྩྭ་ཏུན་སྟོང་ལྔ་དང་དྲུག་བརྒྱ་གསོག་འཇོག་བྱས་པ་དང་། ཕྱུགས་ཟོག་གི་རིམས་ནད་སྔོན་འགོག་གི་བྱ་བ་བསྒྲུབས། དེ་དང་མཉམ་དུ། རོང་འབྲོག་མང་ཚོགས་ལ་དམངས་ཕན་ཁ་གསབ་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་འབུམ་གཉིས་ཁྲི་བརྒྱད་སྟོང་བཞི་ལྷག་བཏང་ནས། རོང་འབྲོག་མང་ཚོགས་ཀྱི་འཚོ་བར་ཕན་བཏགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།