ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་མཐུན་སྦྱོར་ཚོང་ཚོགས་དང་སྲིད་འཛིན་ལས་ཁུངས་ཁག་བར་གྱི་འབྲེལ་མཐུད་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཐོག་ནས«མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་མཐུན་སྦྱོར་ཚོང་ཚོགས་དང་སྲིད་འཛིན་ལས་ཁུངས་ཁག་བར་གྱི་འབྲེལ་མཐུད་ལག་བསྟར་ཇུས་གཞི»ལ་ཞིབ་འཇུག་གྲོས་སྡུར་བྱས་པར་མ་ཟད། ད་དུང་བྱེ་བྲག་གི་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་ཐོག་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། འབྲེལ་མཐུད་བཅོས་སྒྱུར་གྱི་ནང་དོན་གཙོ་བོ་ནི་ལས་རིགས་མཐུན་སྦྱོར་ཚོང་ཚོགས་དང་སྲིད་འཛིན་ལས་ཁུངས་ཀྱིས་ལས་གནས་དང་འགན་ནུས། རྒྱུ་ནོར། མི་སྣ། ཏང་འཛུགས་ཕྱི་དོན་སོགས་ཀྱི་ཐད་ནས“གྱེས་པ་ལྔ་དང་ཚད་ལྡན་ལྔ”བརྩི་སྲུང་བྱེད་རྒྱུ་དང་། ངེས་པར་དུ་མ་འཆུག་མ་ནོར་བའི་སྒོ་ནས་འགན་འཁྲི་གཙོ་བོ་དང་གནད་འགག་དུས་རིམ་གཉིས་ལ་ངོས་འཛིན་བྱེད་རྒྱུ་དེ་ཡིན་པས། ཏང་འཛུགས་བྱ་བར་ཤུགས་སྣོན་དང་ཡང་དག་པའི་ཁ་ཕྱོགས་ཀྱི་ངོས་ནས་འཕེལ་རྒྱས་སུ་གཏོང་བ། བཅོས་སྒྱུར་དང་ལྟ་སྐུལ་དོ་དམ་བྱ་བ་གཉིས་ཡང་ལྕི་མེད་པའི་ངང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་ཞིག་དང་སྲིད་ཇུས་ལ་གཞོགས་འདེགས་བྱེད་ཐུབ་པའི་ལས་དོན་ལག་བསྟར་དངོས་འབེབས་བྱེད་པ། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ཡོང་བ་བཅས་ལ་འབད་འབུངས་ཧུར་བསྐྱེད་བྱས་ཏེ། མཚོ་སྔོན་གྱི་ལས་རིགས་མཐུན་སྦྱོར་ཚོང་ཚོགས་ཀྱི་ལས་དོན་བདེ་ཐང་ངང་འཕེལ་བར་ཕན་ནུས་འདོན་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་ལས་ཁུངས་ཁག་གིས་ལས་དོན་འདི་ལ་མཐོང་ཆེན་བླ་མེད་གནང་ནས། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་བཏོན་པའི«སྤྱིའི་ཐབས་ཇུས»དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་དགོས། ཇུས་གཞི་དངོས་འབེབས་ཡོང་བར་ཕན་པའི་ལམ་ལུགས་གཏན་འབེབས་བཟོས་ནས། འབྲེལ་མཐུད་བྱ་བའི་གནད་འགག་གི་དུས་རིམ་མ་བོར་བའི་ངང་། རིམ་པ་སོ་སོའི་བཅོས་སྒྱུར་བྱ་བ་གོ་རིམ་ཡོད་ལ་ནོར་འཆུག་མེད་པ། ཞིབ་ཚགས་ཡིན་པ་བཅས་ཡོང་བར་འབད་དགོས། “གྱེས་པ་ལྔ་དང་ཚད་ལྡན་ལྔའི”བླང་བྱ་དང་གལ་ཆེན་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ལས་རིགས་སོ་སོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་གཏོང་དགོས། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ«ལག་བསྟར་ཇུས་གཞི»དངོས་འབེབས་དོན་འཁྱོལ་བྱེད་པ་དང་། མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོས་ལྟ་སྐུལ་དང་དོ་དམ། ཞིབ་བཤེར་བཅས་ཀྱི་བྱ་བ་དམ་འཛིན་ལྷོད་མེད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།