ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་བའི་བར་གྱི་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་རྒྱུག་གནས་སྟངས་ལ་དབྱེ་ཞིབ་བྱེད་པའི་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། ད་ལོའི་ཟླ་དང་པོ་ནས་ཟླ་བཅུ་བའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་འཐབ་ཕྱོགས་ཀྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་ལེན་མཐའ་འཁྱོལ་དང་། དམིགས་འབེན་ཁ་ཕྱོགས་དང་གནད་དོན་གྱི་ཁ་ཕྱོགས་གཙོ་བོ་གཉིས་གཞི་གཅིག་ཏུ་འགྲིལ་བར་རྒྱུན་འཁྱོངས་བྱེད་པ། ཐབས་ཇུས་སྣ་མང་འཐེན་པ། དངོས་འབེབས་བྱ་བ་དམ་འཛིན་བཅས་བྱས་མཐར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་ཡོད་པར་གྱུར་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གནས་སྟངས་སྔར་མུས་བཞིན་སྣེ་མང་རྙོག་འཛིང་གི་དུས་བབ་ན་གནས་ཡོད་པས། ས་གནས་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་བརྟན་པོ་བཅངས་ནས། འགན་འཁྲི་ཕྲག་ཏུ་ལེན་ཕོད་པ་དང་མ་སྐུལ་དང་བླངས་ཀྱི་བྱེད་ཕྱོགས་འཛིན་པ། བྱ་བའི་གནད་གཙོ་བོ་མ་ནོར་བའི་སྒོ་ནས་འཛིན་ཐུབ་པ། ལས་སྒོ་ཀུན་ལ་ཞིབ་ཚགས་ཀྱིས་རྩ་འཛུགས་བྱེད་པ་བཅས་ཀྱི་ངོས་ནས། མཚོ་སྔོན་གྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་གང་ལེགས་བསྐྲུན་དགོས། ཁེ་ལས་དང་ཡང་བའི་ཁེ་ལས་སོགས་ཀྱི་ཕན་འབྲས་བེད་སྤྱོད་གང་ལེགས་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ལས་གཞིར་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་མང་དུ་གཏོང་བ། ཐོན་སྐྱེད་རྒྱུ་ཆའི་སྐོར་གྱི་མཐུན་རྐྱེན་སྣ་མང་བསྡུ་ལེན་བཅས་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་བྱེད་དགོས་ཟེར། གྲོས་ཚོགས་ལས་བླང་བྱ་བཏོན་ནས་བཤད་རྒྱུར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།