ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཆེད་མཁས་པའི་ཚན་ཆུང་གིས་ཨ་མྱེས་རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་ཉིན་གསུམ་རིང་གི་ཡུལ་དངོས་རྟོག་ཞིབ་དང་དཔྱད་ཞིབ་བྱས་རྗེས། རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་ལ་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡི་ཞིབ་བཤེར་ཚད་ལེན་ཐོབ་པ་མ་ཟད། གླིང་ཀར་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆ་རྐྱེན་འཛོམས་ཡོད་ཟེར། དེ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་འཕེལ་རྒྱས་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ཞིག་རེད།

ཉིས་སྟོང་བཅུ་གཉིས་ལོར་རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་སྐོར་དྲུག་པའི་མིང་ཐོར་བཀོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་དང་པོར་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་མཚོ་སྔོན་རྨ་ཆེན་གངས་རིའི་སྤྱི་གླིང་གི་བཟོ་སྐྲུན་ལག་བསྟར་ཇུས་གཞིར་འཐད་པ་བྱུང་། ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བར་རྒྱལ་ཁོངས་ཐོན་ཁུངས་པུའུ་ཁོར་ཡུག་ཐོན་ཁུངས་ཟིས་རྨ་ཆེན་གངས་རི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་འཆར་འགོད་ལ་ཞིབ་བཤེར་བྱས་པ་མ་ཟད་འཐད་པ་བྱུང་། ཉིས་སྟོང་བཅུ་གཉིས་ལོའི་ཚུན་ལ། སྤྱི་གླིང་དེས་སྐོར་ལམ་དང་། ཡུལ་ལྗོངས་ལ་བལྟ་ས། རླངས་འཁོར་འཇོག་ས། ས་གཤིས་དངོས་མང་བཤམས་སྟོན་ཁང་སོགས་འཛུགས་སྐྲུན་བྱས་ཤིང་། མིག་སྔར་གླིང་ཀ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཚད་གཞིར་སླེབས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།