ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དབུལ་སྐྱོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་སྟེང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བྱུང་བའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་ཁག་དང་ཁེ་ལས་དང་ལས་དོན་སྡེ་ཁག་ལྔ་ལ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པ་དང་། མི་དྲུག་ལ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་ཐུན་མོང་གི་མཚན་སྙན་ཐོབ་པའི་སྡེ་ཁག་དང་ཁེ་ལས། ལས་དོན་སྡེ་ཁག་སོ་སོ་ནི། མཚོ་བྱང་ཁུལ་ཏང་ཨུའི་རྩ་འཛུགས་པུའུ་དང་། མཚོ་བྱང་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཆི་ལེན་རྫོང་འགྲིམ་འགྲུལ་ཅུའུ། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ཅིན་ཡོན་ཉོ་ཚོང་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཞ་ཧྭ་མུའུ་སི་ལིན་ཤ་ཟས་ཚད་ཡོད་ཀུང་ཟི་བཅས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་མཁན་ནི། མཚོ་བྱང་ཁུལ་སློབ་གསོ་ཅུའུ་སློབ་བསྡུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བསམ་འགྲུབ་དང་། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་བདེ་སྐྱིད་ཕན་བདེ་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཆོས་དབྱངས་རིག་འཛིན་སོགས་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།