ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དང་ཟི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་བདེ་སྡོད་ཡར་རྒྱས་བཟོ་སྐྲུན་སྤེལ་བ་མགོ་ཚུགས་པ་ནས་བཟུང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་སྲིད་ཇུས་བཟང་བོ་འཆོར་མེད་དམ་འཛིན་སྒོས། ཧྲིན་ལིས་ཟམ་ཆེན་འཛུགས་སྐྲུན་ལ་ས་གཞི་དང་རེབ་གོང་རིག་གནས་ཐོན་ལས་གླིང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཟོ་ལས་སོགས་བདེ་སྡོད་བཟོ་ལས་རབས་དང་རིམ་པར་རྩ་འཛུགས་བྱས་ནས་འཕེལ་རྒྱས་སུ་བཏང་།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་སྲིད་གཞུང་གནས་སའི་ཐུན་རིན་རྫོང་གིས་ཞིང་ཆེན་གསུམ་གྱི་བདེ་སྡོད་བཟོ་སྐྲུན་བྱ་བ་ཡར་ལྡན་དུ་སྤེལ་བཞིན་ཡོད་ཅིང་། ད་ལོར་རྫོང་ཡོངས་ནས་ཁྱོན་བསྡོམས་མ་དུངལ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་དྲུག་བཏང་ནས་ལས་གཞི་གོ་དགུ་བསྐྲུན་རྩིས་ཡོད་ལ། ལས་གཞི་དེ་དག་ནི་གཙོ་བོ་དམངས་ཚིས་ལེགས་བཅོས་དང་རྩ་བའི་སྤྱི་གཞུང་ཞབས་ཞུ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དབུལ་སྐྱོར་གསར་སྤེལ། ཁྱད་ལྡན་ཐོན་ལས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གཞི་རིམ་རྩ་འཛུགས་གསར་སྒྲུབ་སོགས་ལས་རིགས་བདུན་གྱི་ཁྱབ་ཁོངས་ནས་ལག་བསྟར་བྱེད་ཀྱིན་ཡོད། ལག་གཞི་འདི་དག་ལག་བསྟར་བྱས་པ་ནི། ཐུན་རིན་རྫོང་གི་དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་བྱ་བ། སྤྱི་ཚོགས་བརྟན་འཇགས། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་དགེ་མཚན་མི་དམན་པ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།