ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་གཞི་གསུམ་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་གསར་འཛུགས། གནད་ཁེལ་དབུལ་སྐྱོར། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ་བཅས་ཀྱི་བྱ་བ་སྣ་བཞི་ཕན་ཚུན་ཟུང་སྦྲེལ་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་དང་སྡེ་དམངས་ཀྱི་འཚོ་བའི་རྒྱུ་སྤུས་མཐོར་འདེགས་བྱེད་པ་གཉིས་གཙོ་བོར་བཟུང་ནས། སྟོབས་ཤུགས་ཡོད་རྒུས་མཛེས་སྡུག་ཞང་སྡེའི་འཛུགས་སྐྲུན་བྱ་བ་སྤེལ།

ད་ལོར། ཐེམ་ཆེན་རྫོང་གིས་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་གཞི་གསུམ་འཛུགས་སྐྲུན་གྱི་ཕན་ཡོད་བྱེད་ཐབས་སུ་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་གསར་འཛུགས་བྱེད་པ་དང་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་པ་གཉིས་ཟུང་སྦྲེལ་བྱེད་པ། དབུལ་སྐྱོར་སྡེ་བ་ཧྲིལ་བོ་ནས་སྤེལ་བ་དེ་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱེད་པའི་གཞི་འཛིན་སར་བྱེད་པ། ཞང་སྡེའི་དྲ་བ་ཅན་གྱི་སྤྱི་ཚོགས་དོ་དམ་སྤེལ་རྒྱུ་དེ་ཞང་སྡེའི་དོ་དམ་ལ་གསར་སྐྲུན་བྱེད་པའི་གྲུབ་ཆ་གཙོ་བོར་བྱས་ནས། དོ་དམ་ཐད་ནས་མི་ལ་བསྟུན་པ་དང་། བྱ་བ་ཞིབ་ཚགས་ཅན། ཆ་འཕྲིན་འཐུས་ཚང་ཅན་གྱི་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔའི་བར་དུ། ཐེམ་ཆེན་རྫོང་གིས་མ་དངུལ་སྒོར་བྱེ་བ་གཅིག་མཉམ་བསྲེས་བྱས་ནས། སྲིད་འཛིན་སྡེ་བ་གཉིས་ནས་མཛེས་སྡུག་ཞང་སྡེའི་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།