ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གིས་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་གི་རྩ་བ་གྲོང་རྡལ་དང་ནང་སྟོད་གྲོང་རྡལ། ཕིན་ཨན་ས་ཁུལ་གྱི་ཕིན་ཨན་གྲོང་རྡལ། སན་ཧི་གྲོང་རྡལ་བཅས་ཀྱི་སྡེ་བའི་ཉེན་རྟོག་གི་བྱ་བར་ཡུལ་དངོས་ནས་རྟོག་ཞིབ་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་བྱ་བའི་སྙན་ཞུར་ཉན་པར་མ་ཟད། ད་དུང་སྡེ་བའི་ཉེན་རྟོག་པར་ཟབ་སྦྱོང་བསྒྲུབ་པ་དང་དེར་དོ་དམ་བྱེད་ཕྱོགས་སྐོར་ནས་བླང་བྱ་ནན་མོ་བཏོན།

ལིག་ཀྲི་ཆང་གིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་སུ་གཏོང་བ་དང་། སྡེ་བའི་སྤྱི་བདེ་ལས་བྱེད་པའི་འགན་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཟབ་སྦྱོང་འཆར་གཞི་དུས་བསྟར་ལག་ལེན་དོན་འཁྱོལ་ཡོང་བ་བཅས་བྱས་ཏེ། སྡེ་བའི་སྤྱི་བདེ་མི་སྣའི་འཇོན་ནུས་གསོ་སྐྱོང་བྱེད་དགོས་ཟེར།

ལིག་ཀྲི་ཆང་གིས་ནན་གྱིས་བསྟན་དོན། སྡེ་བའི་ནང་གི་སྤྱི་བདེ་མི་སྣའི་བྱ་བའི་ལམ་ལུགས་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དེའི་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་ན། ཅིས་ཀྱང་ལག་ལེན་དངོས་ཀྱི་ཁྲོད་ནས་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་དང་། གསར་སྐྲུན་གྱི་ཁྲོད་ནས་འཐུས་ཚང་ཡོང་བར་བྱེད་པ། ཞིབ་འཇུག་བྱས་པའི་ལམ་ལུགས་ཡུལ་བབ་དངོས་དང་མཐུན་པོ་ཡོང་བར་བྱེད་པ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས། སྡེ་བའི་ནང་གི་སྤྱི་བདེ་མི་སྣའི་ལམ་ལུགས་སྔར་ལས་ཇེ་རྒྱས་ཇེ་ལེགས་ཡོང་བར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།