ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་གཅིག་ཉིན་འཇར་མན་གྱི་སྔོན་ཆད་ཀྱི་ཙུང་ལི་ཧྲི་མུས་ཐི་སྐུ་གཤེགས་པའི་ཐད་ནས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་དང་ཙུང་ལི་མོ་ཁི་ཨར་གཉིས་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕེན་གྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས། དེ་མིན་རང་ཉིད་ཀྱི་མིང་ཐོག་ནས་ཧྲི་མུས་ཐི་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཧྲི་མུས་ཐི་ཡི་ཁྱིམ་མི་ལ་བརྩེ་བའི་འཚམས་འདྲི་མཛད།

ཞི་ཅིན་ཕེན་གྱིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། སྐུ་ཞབས་ཧྲི་མུས་ཐི་ཡིས་འཇར་མན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་འབད་བརྩོན་ལྷོད་མེད་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། ལོ་བཞི་བཅུའི་སྔོན་ལ། སྐུ་ཞབས་ཧྲི་མུས་ཐི་དང་ཀྲུང་གོའི་རྒན་རབས་མགོ་ཁྲིད་པས་མཉམ་དུ་ཀྲུང་གོ་དང་འཇར་མན་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྒོ་ཆེན་ཡངས་པོར་ཕྱེས་ནས། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་དང་འཇར་མན་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། འཇར་མན་དང་འཇར་མན་མི་དམངས་དང་མཉམ་དུ་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།