ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལེགས་པའི་ཚུལ་ལ་བསྟུན་ནས། ཧུར་ཐག་སྒོས་གནས་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་བརྒྱུད། གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།

གནས་སྐོར་རྫོགས་ལྡན་དུས་སྐབས་ལ་སླེབས་པ་ནས་བཟུང་། ཐུན་ཏེ་རྫོང་གིས་མངའ་ཁོངས་འོག་གི་རང་བྱུང་ནགས་ཚལ་དང་རྨ་ཆུའི་གྲོག་རོང་ཆེན་མོ། རྫོང་རིའི་ཤུལ་བཞག་རིག་གནས་སོགས་ཕུན་སུམ་ཚོགས་པའི་གནས་སྐོར་ཐོན་ཁུངས་རྨང་གཞི་བྱས་ཏེ། མངའ་ཁོངས་གྱི་ཁྱད་ལྡན་གནས་སྐོར་ཐོན་ལས་གསར་སྐྲུན་བྱེད་པ་དང་མཐོ་སྒང་གི་སྐྱེ་ཁམས། མི་རིགས་རིག་གནས་རོལ་མྱོང་སོགས་གཞི་གཅིག་ཡིན་པའི་གནས་སྐོར་ལས་རིགས་ཀྱི་རྣམ་པ་གསར་བ་གྲུབ།

མིག་སྔའི་བར། རྫོང་ཡོངས་ཀྱི་གནས་སྐོར་ཡོང་སྒོ་སྒོར་ཁྲི209.8ལ་སླེབས་ཡོད་པ་དང་དུས་མཉམ་ལས31.4%འཕར། གནས་སྐོར་མི་གྲངས་དུས་མཉམ་ལས20%འཕར་བ་དང་གནས་སྐོར་ཐོན་རྫས་ཡོང་སྒོ་སྒོར་ཁྲི89སླེབས་པ། དུས་མཉམ་ལས7%འཕར་ཡོད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།