ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་སྲིད་གཞུང་ཞབས་ཞུ་ལྟེ་གནས་དང་སྤྱི་བའི་ཐོན་ཁུངས་བརྗེ་རེས་ལྟེ་གནས་ནས་བྱ་བར་བརྟག་དཔྱད་བྱས་པ་དང་ཁོས་ཐོ་འགོད་ལམ་ལུགས་བཅོས་སྒྱུར་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ། སེམས་ཞིབ་མོས་རྩ་འཛུགས་བྱེད་པ་དང་ཕན་འབྲས་ལྡན་པའི་ངང་ནས་སྦྲེལ་མཐུད་ཡོང་བར་འབད་ནས། མཚོ་སྔོན་ཞིང་ཆེན་ཡོངས་ནས་ཐོ་འགོད་ལམ་ལུགས་གོ་རིམ་ལྡན་པའི་ངང་སྤེལ་དགོས་པར་བསྟན།

ཁོང་ཡུང་གིས་རང་ཞིང་དུ་ཁྱོན་ཡོངས་ནས་ཐོ་འགོད་ལམ་ལུགས་སྤེལ་བ་ནས་བཟུང་འཁོར་སྤྱོད་བྱེད་པའི་གནས་ཚུལ་ཡར་ཞུ་ལ་ཉན་པ་དང་། བླངས་བའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བཅོས་སྒྱུར་གྱིས་ཐོ་འགོད་ལམ་ལུགས་སྔར་ལས་ལེགས་སྒྲིག་བྱེད་པ་དང་ཐོ་འགོད་ཀྱི་ལས་རིམ་སྔར་ལས་ཇེ་ཉུང་དུ་གཏོང་བ། ཐོ་འགོད་ལམ་ལུགས་ཀྱི་ཕན་འབྲས་སྔར་ལས་ཇེ་བཟང་ལ་གཏོང་དགོས་ཞེས་བསྟན།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཐོ་འགོད་ལམ་ལུགས་བཅོས་སྒྱུར་གྱི་བྱ་བ་ནི་མ་རྩ་ཐོ་འགོད་ལམ་ལུགས་རྗེས་ཀྱི་མཁྲེགས་གཏོར་བཅོས་སྒྱུར་གལ་ཆེན་ཞིག་ཡིན་ལ། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་བྱ་བའི་ཕན་འབྲས་ཇེ་མཐོར་གཏོང་དགོས་པ་དང་། ལས་ཁུངས་ཁག་བར་ཕན་ཚུན་དུས་མཉམ་གཅིག་ཏུ་ལག་བསྟར་དང་འབྲེལ་ཡོད་ལས་རིགས་སོ་སོའི་ཁྱབ་ཁོངས་ཁྲོད་མཉམ་དུ་དངོས་འབེབས་བྱེད་རྩིས་ཡོད། བྱ་བའི་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་བྱ་བ་སྔར་ལས་སྟོབས་ལྡན་དུ་གཏོང་བ། བྱེ་ཕྲག་གི་བྱ་བ་ཞིབ་ཕྲའི་ངང་བསྒྲུབ་པ་བཅས་ལ་འབད་འབུངས་བྱས་ཏེ། ཐོ་འགོད་ལམ་ལུགས་བཅོས་སྒྱུར་གྱི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།