ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་གནས་སྐོར་ཐོན་ལས་འཛུགས་སྐྲུན་དང་དབུལ་སྐྱོར་བྱ་བ་གཉིས་ཟུང་འབྲེལ་བྱས་ཏེ། མ་དངུལ་ཧྲག་བསྡུ་དང་ཐོན་ལས་སྦྲེལ་མཐུད། འཆར་འགོད་དང་རྨང་གཞིའི་སྒྲིག་ཆས་མཉམ་སྤེལ་བྱས་པ་བརྒྱུད། ཐོན་ལས་དབུལ་སྐྱོར་གྱི་བགྲོད་ལམ་གསར་བ་ཞིག་བཏོད་པ་རེད། 

ལོ་གཅིག་ནང་། ཁྲི་ཀ་རྫོང་གིས་མ་དངུལ་སྒོར་ཁྲི1300ལྷག་ཧྲག་བསྡུ་བྱས་ཏེ། ཁྲི་ཀ་རྫོང་དཀར་བརྗིད་ཞང་དང་སིན་པ་སྡེ་བ་རུ་ལོ་ངོ་བརྒྱ་ཕྲག་འགོར་ཡོད་པའི་མཁར་རྙིང4སླར་གསོ་བྱས་པ་དང་། གནའ་བའི་རྣམ་པ་མི་བསྒྱུར་བའི་རྩ་དོན་འོག་སྡེ་བ་ཡོངས་ཀྱི་སྡོད་ཁང་ལེགས་བཅོས་བྱས་པ་མ་ཟད་སྤྱི་སྤྱོད་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་བཏང་། ལྕང་ར་སྡེ་གསར་ལས་དམངས་སྲོལ་གནས་སྐོར་རྣམ་གྲངས་ལག་བསྟར་བྱས་པ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་རང་བྱུང་ཁོར་ཡུག་ལེགས་བསྒྱུར་བྱས་ཐོག རླངས་འཁོར་འཇོག་ས་དང་ཞབས་ཞུའི་ལྟེ་གནས། མགྲོན་ཁང་། གསོལ་ཁང་། དམངས་སྲོལ་མགྲོན་ཁང་སོགས་གནས་སྐོར་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད། གཞན་ད་དུང་གནས་སྐོར་ནུས་རྩལ་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་ལ་སྤེལ་ཞིང་། གནས་སྐོར་ནུས་རྩལ་འགྲན་ཚོགས་ཐེངས་གཅིག་ལ་བསྡུས་པ་བཅས་ཕན་འབྲས་ཡོད་པའི་བྱེད་ཐབས་རབ་དང་རིམ་པ་སྤེལ་བ་བརྒྱུད། དུད་ཁྱིམ139དང་མི་གྲངས515ཡི་ཡོང་སྒོ་ཇེ་མཐོར་སོང་ཡོད་པ་མངོན་གསལ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། ཁྲི་ཀ་རྫོང་གིས་སྔར་ལས་ལྷག་པར་སྐྱེ་ཁམས་རོལ་མྱོང་དང་གུང་གསེང་འཚོ་བ། དམངས་སྲོལ་གོམས་འདྲེས་སོགས་བརྗོད་དོན་གསུམ་གཙོ་བྱས་ཏེ། འཕྲང་དམར་གྲོང་རྡལ་གྱི་ཀླུ་རྒྱལ་རྫིང་བུ་དང་དཀར་བརྗིད་ཞང་གི་ལྕང་རའི་ནགས་ལས་ཁང་། རྨ་ཆུའི་གྲོག་རོང་སོགས་རང་བྱུང་མཛེས་ལྗོངས་དང་མི་ཤེས་གོམས་འདྲེས་སོགས་ཟུང་དུ་སྦྲེལ་བའི་གནས་སྐོར་ཐོན་ཁུངས་གསར་བ་གཙོ་བྱེད་པ་དང་གནས་སྐོར་དབུལ་སྐྱོར་རྣམ་གྲངས27ལག་བསྟར་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།