ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཉིས་སྟོང་བཅོ་ལྔ་ལོའི་སྐོར་ཞིབ་བྱ་བར་ཡར་སྐུལ་གཏོང་བའི་བཀོད་སྒྲིག་ཚོགས་འདུ་ཐེངས་གསུམ་པ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་རྡོ་རྗེ་རབ་བརྟན་གྱིས་ཚོགས་ཐོག་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧུའུ་ཁྲང་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས་ནས་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། སྐོར་ཞིབ་ཚན་ཁག་སོ་སོས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ནན་ཏན་ངང«ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག»ཅེས་པ་ལག་བསྟར་དངོས་འབེབས་བྱས་ཏེ། ཏང་གིས་ཏང་གི་སྒྲིག་ལམ་བརྩི་སྲུང་བྱེད་རྒྱུ་ཐབས་ཤེས་གལ་ཆེན་ལ་བརྩིས་ནས། ཏང་གི་ལམ་ཕྱོགས་སློབ་གསོའི་སྲིད་ཇུས་ལག་བསྟར་དོན་སྨིན་བྱུང་ཡོད་མེད་ལ་ཞིབ་བཤེར་ནན་མོ་བྱེད་པ། ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་ཆོས་ཉིད་བརྩི་སྲུང་ནན་མོ་དང་ལག་བསྟར་ནན་ཏན་བྱེད་པ། སྐོར་ཞིབ་ལྟ་སྐུལ་བྱ་བ་དངོས་ཐོག་ཞིབ་ཕྲའི་ངང་སྤེལ་བ་བཅས་ལ་འབད་འབུངས་ཧུར་བསྐྱེད་བྱས་མཐར། སྐོར་ཞིབ་བྱ་བའི་བྱེད་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱས་དགོས་ཟེར།

ཧུའུ་ཁྲང་ཧྲིན་གྱིས་སྤྱི་སྡོམ་གཏམ་བཤད་ཁྲོད་བསྟན་དོན། སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས། ཏང་བཅོས་སྐྱོང་གི་བསམ་བློའི་རྒྱུན་ཤེས་ཁྱོན་ཡོངས་ནས་སྤེལ་བ་དང་། ཁྱོན་ཡོངས་ནས་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་ནས་ཏང་གིས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་འཕྲལ་སྒྲུབ་བཅས་ལ་འབུངས་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཏན་འབེབས་བཟོས་པ་ལྟར་ན། སྐོར་ཞིབ་བྱེད་ཐེངས་གསུམ་པ་དེ་ཟླ་བཅུ་གཅིག་པའི་ནང་ནས་བཟུང་མགོ་རྩོམ་རྒྱུ་ཡིན་པ་དང་། སྐོར་ཞིབ་དུས་ཡུན་ཟླ་གཉིས་ཡིན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།