ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི་ལག་བསྟར་བྱས་པ་དང་། མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ནས། ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་སོ་སོར་ལུས་རྩལ་ཁང་ལས་པ་དང་། དེས་གཞི་རིམ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་བཏང་བ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། མི་དམངས་མང་ཚོགས་ལུས་རྩལ་སྦྱོང་བརྡར་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པའི་ཐད་ཁོར་ཡུག་ལེགས་པོ་བསྐྲུན།

ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆར་འགོད་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་བ་འཕེལ་རྒྱས་སུ་གཏོང་བ་དང་ལས་གཞི་བཀོད་སྒྲིག་ཐད་ཀྱི་སྣེ་ཁྲིད་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཆེད་དོན་གྲོན་དངུལ་སྒོར་ས་ཡ་གསུམ་བཀོད་སྒྲིག་བྱས་པ་དང་། ལུས་རྩལ་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་འཆར་འགོད་ལ་ཤུགས་བསྣན་ནས། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་ཁུལ་དང་རྫོང་རིམ་པའི་ཕྱི་རོལ་ཚད་ལྡན་ལུས་རྩལ་ར་བ་འཛུགས་སྐྲུན་བྱེད་པའི་འཆར་གཞི། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ཐོན་ལས་མ་ལག་འཕེལ་རྒྱས་སུ་གཏོང་བ་དང་འཛུགས་སྐྲུན་བྱེད་པའི་འཆར་གཞི། མཚོ་སྔོན་ཞིང་ཆེན་གྱི་རྐང་རྩེད་སྤོ་ལོ་ཡུན་རིང་ལ་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་སོགས་ཆེད་དོན་འཆར་གཞི་སྒྲིག་བཟོ་བྱས། འཆར་གཞི་བཟོས་པ་བརྒྱུད་དེ། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་བ་འཕེལ་རྒྱས་སུ་གཏོང་བའི་གཙོ་གནད་དང་ལས་གཞིའི་བཀོད་སྒྲིག་གཏན་ཁེལ་གསལ་བོ་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ། ཆ་སྡེབས་སྒྲིག་ཆས་འཐུས་ཚང་དུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས། དེ་དང་མཉམ་དུ། བྱེད་ཐབས་སྣ་མང་སྤྱད་དེ་མ་དངུལ་བརྩོན་ལེན་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་བ་དང་སྦྲེལ་མཐུད་བྱས་ནས། བསྡོམས་པས་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་ས་ཡ་བདུན་བཀོད་སྒྲིག་བྱས། དེའི་ཁྲོད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གཉིས་ས་ཡ་གསུམ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་སྒོར་བྱེ་བ་གཉིས་ས་ཡ་བཞི་བཏང་སྟེ། གཙོ་བོར་ཁུལ་གྱི་མང་ཚོགས་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་ས་ལྔ་དང་རྫོང་རིམ་པའི་མང་ཚོགས་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་ས་ཉེར་དྲུག རྫོང་རིམ་པའི་ལུས་རྩལ་ཁང་ཉེར་ལྔ། སློབ་གྲྭ་ཆུང་འབྲིང་གི་སྤོས་འཇིག་ལུས་རྩལ་ར་བ་དང་ཁང་བའི་ནང་གི་ལུས་རྩལ་ཁང་དོན་གསུམ་འཛུགས་སྐྲུན་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།