ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཞིབ་བཤེར་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཚེས་དགུ་ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། གྲོས་ཚོགས་ནས་ད་ལོའི་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་ལྟ་སྐུལ་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཟི་ལིང་གྲོང་ཁྱེར་ཏང་ཨུ་སོགས་ཀྱིས་ས་ཁུལ་དང་སྡེ་ཁག་ལྔ་དང་བརྗེ་རེས་བྱས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཡུས་པོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་གོ་ཧྭ་གྲོས་ཚོགས་སུ་ཞུགས།

ཝང་ཅན་ཅོན་གྱིས་ནན་གྱིས་བསྟན་དོན། ལྟ་སྐུལ་ནི་ཇུས་ཆོད་དངོས་འབེབས་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཁྲོད་དུ་ཚབ་བྱེད་དཀའ་བའི་གོ་གནས་དང་ནུས་པ་གལ་ཆེན་ཐོན་ཡོད། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལྟ་སྐུལ་བྱ་བ་དེ་ཏང་གི་བསམ་བློའི་ལམ་ཕྱོགས་དང་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ལག་ལེན་དངོས་སུ་བརྩི་དགོས་པ་དང་། ང་ཚོ་ཏང་གི་སྲིད་སྐྱོང་ནུས་པ་ངོམས་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་བ། སྤྱོད་སྟངས་བསྒྱུར་བ་དང་། ཇུས་ཆོད་དངོས་འབེབས་བྱེད་པའི་བྱ་བ་གལ་ཆེན་དུ་བརྩིས་ནས། གྲོས་རིམ་ཉིན་ཐོར་བཀོད་དེ། ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་པའི་འགན་ཁུར་དང་རང་རྟོག་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ། ལྟ་སྐུལ་བྱ་བས་ཤུགས་ཆེན་པོས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་དང་སྐུལ་འདེད་བྱེད་དགོས་པ་དང་། ཆབ་སྲིད་འཛུགས་སྐྲུན་དང་། དཔལ་འབྱོར་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་གཞི་གཅིག་ཏུ་གྲུབ་པའི་སྤྱིའི་བཀོད་སྒྲིག་དང་། གསར་སྐྲུན་འཕེལ་རྒྱས་དང་མཐུན་སྦྱོར་འཕེལ་རྒྱས། ལྷད་མེད་འཕེལ་རྒྱས། སྒོ་འབྱེད་འཕེལ་རྒྱས། མཉམ་སྤྱོད་འཕེལ་རྒྱས་བཅས་ཀྱི་འདུ་ཤེས་ལ་དམ་པོར་དམིགས་ནས། ཤུགས་ཆེན་པོས“ཁུལ་གསུམ”འཛུགས་སྐྲུན་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་དང་།ཕྱོགས་ཡོངས་ཀྱི་འབྱོར་འབྲིང་གི་མཐོ་ཚད་ནས་འཆར་གཞི་འཐེན་དགོས་ཟེར། ཁོས་ལྟ་སྐུལ་བྱ་བས་ནན་ཏན་སྒོས་ཞིང་ཆེན་ཏང་ཨུས་“གཞི་གསུམ”འཛུགས་སྐྲུན་ལ་ཤུགས་སྣོན་པའི་རེ་བ་ལག་བསྟར་བྱེད་པ་དང་། “གཞི་གསུམ”འཛུགས་སྐྲུན་གྱི་བསམ་ཕྱོགས་དང་འདུ་ཤེས་བཀོལ་ཏེ་ཇུས་ཆོད་དངོས་འབེབས་བྱ་བར་སྐུལ་འདེད་གཏོང་དགོས་པ་དང་། ལྟ་སྐུལ་བྱ་བ་ས་གང་ནས་སྤེལ་ན་དེ་ནས་རྒྱུན་འཁྱོངས་བྱས་ནས། “གཟབ་ནན་གསུམ་དང་དོན་དམ་གསུམ”གྱི་རེ་བ་ཡང་ས་ཆ་གང་དུ་ཐོན་ན་དེར་ལག་བསྟར་བྱེད་དགོས་པ་དང་། ལྟ་སྐུལ་བྱ་བའི་མཇུག་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པ། ལྟ་སྐུལ་དང་དཔྱད་ཞིབ་དེ་འདྲི་གཅོད་རྗེས་འདེད་བྱ་བ་དང་ཟུང་དུ་སྦྲེལ་ནས། བབ་བསྟུན་མདུན་སྐྱོད་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་བྱ་བའི་འདུ་ཤེས་དང་། ནང་རྐྱེན་དང་བྱེད་ཐབས་གསར་སྐྲུན་བྱེད་པ། དོན་དག་ཆེན་མོ་དམ་འཛིན་བྱེད་པ་དང་། ནང་རྐྱེན་འཛུགས་པ། ཐོན་ཁུངས་གཅིག་གྱུར་བྱེད་པ། འཆར་གཞི་ཞིབ་མོ་འཐེན་ནས། ཕན་འབྲས་ལྡན་པའི་སྒོ་ནས་ལྟ་སྐུལ་བྱ་བའི་རིམ་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།

ཝང་ཅན་ཅོན་གྱིས་སྤྱི་བསྡོམས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། དངོས་འབེབས་བྱ་བ་དམ་འཛིན་བྱེད་པའི་འགན་ཁུར་དེ་ཕྲག་ཏུ་བླངས་ནས། ངེས་པར་དུ་གནད་དོན་གྱི་ཁ་ཕྱོགས་ལྟར་ལྟ་སྐུལ་བྱ་བ་དམ་འཛིན་བྱེད་དགོས་པ་དང་། སྤྱོད་སྟངས་བཟང་བོས་ལྟ་སྐུལ་བྱ་བ་དམ་འཛིན་བྱེད་་དགོས། ད་ལོའི་དམིགས་འབེན་ལས་འགན་དང་དུས་ཚིགས་བཞི་བོའི་བྱ་བ་གལ་ཆེན་ལ་དམ་པོར་དམིགས་ནས། “ཁུལ་གསུམ་འཛུགས་སྐྲུན” བྱེད་པ་དང་། ཁྱབ་ཁོངས་གཙོ་བོ་བཅོས་སྒྱུར་བྱེད་པ། དམངས་ཚིས་ལེགས་སྒྱུར། དབུལ་སྐྱོར་མཁྲེགས་གཏོར་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི་ཐོན་ཚད་བརྟན་འཇགས་ངང་འཕར་སྣོན་གཏོང་བའི་བྱེད་ཐབས་བཅུ་གཅིག་སོགས་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱ་བ་དམ་འཛིན་བྱེད་དགོས་པ་དང་། ད་ལོའི་བྱ་བའི་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་གཉིས”པའི་མཇུག་བཟང་བོར་བསྡུ་བ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མགོ་བཟང་བོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།