ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། «སྤྱི་ཚོགས་རོགས་སྐྱོར་གནས་སྐབས་ལག་བསྟར་བྱེད་ཐབས»དང་། དམངས་སྲིད་པུའུ་གཞུང་སྒྲུབ་ཐིན་གྱིས་བཏོན་པའི «རྒྱལ་ཡོངས་ཞིང་སྡེའི་དཀའ་ངལ་ཅན་གྱི་མི་སྣ་གསོ་སྐྱོང་ཞབས་ཕྱིའི་ལས་རིགས་སྤྱི་ཚོགས་ཅན་དུ་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བའི་འབྲེལ་ཡོད་བྱ་བའི་བརྡ་སྦྱོར»གྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་ལེན་མཐའ་འཁྱོལ་བྱེད་ཆེད། ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས«རྒྱལ་ཡོངས་ཞིང་སྡེའི་དཀའ་ཁག་ཅན་གྱི་མི་སྣ་གསོ་སྐྱོང་ཞབས་ཕྱིའི་ལས་རིགས་སྤྱི་ཚོགས་ཅན་དུ་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བའི་འབྲེལ་ཡོད་བྱ་བའི་བརྡ་སྦྱོར»དཔར་ནས་བཀྲམས་ཏེ། ཧུར་བརྩོན་གྱིས་སྤྱི་ཚོགས་རོགས་སྐྱོར་ནུས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་སྡེའི་དཀའ་ངལ་ཅན་གྱི་མི་སྣ་གསོ་སྐྱོང་ཞབས་ཕྱིའི་སྒྲིག་གཞིའི་འཛུགས་སྐྲུན་དོ་དམ་ཚུ་ཚད་མཐོར་འདེགས་སུ་བཏང་ནས། དཀའ་ཁག་ཅན་གྱི་མི་སྣ་གསོ་སྐྱོང་སྒྲིག་གཞིའི་ནུས་པའི་མི་འདང་ས་འཚོལ་ཞིབ་བྱས།

ཆེས་དཀའ་ངལ་ཅན་གྱི་མི་སྣ་ནི་རྒྱལ་ཁབ་ཀྱིས་གསོ་སྐྱོང་བྱེད་བཞིན་པའི་ངལ་རྩོལ་ནུས་ཤུགས་ཞན་པ་དང་། འཚོ་བའི་ཡོང་སྒོ་མེད་པའི་རྒན་པ་འམ་ཡང་ན།ནར་མ་སོན་པའི་དབང་བོ་སྐྱོན་ཅན་ཡིན་ལ། དེའི་ཁྲོད་དུ་གྲོང་ཁྱེར་གྱི་འཚོ་བའི་ཡོང་སྒོ་ཞན་པ་དང་། ངལ་རྩོལ་ནུས་པ་མེད་པ། ཁྲིམས་ཀྱིས་གཏན་ལ་ཕབ་པའི་གསོ་སྐྱོང་བྱེད་མཁན་མེད་པའི་སྤྱི་དམངས་དང་། ཞིང་སྡེའི་ལྔ་སྐྱོང་ཁྱིམ་ཚང་ཡང་འདུ། དེ་དང་མཉམ་དུ། སྲིད་གཞུང་གིས་རྒན་པར་ཉོས་པའི་རྒན་གསོའི་ཞབས་ཕྱི་དང་། རྒན་གསོའི་དམངས་ཕན་སྲིད་ཇུས་སྣ་ཚོགས་འཕེལ་རྒྱས་སུ་བཏང་ནས། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ཏུ་ཚོད་ལྟའི་མགོ་རྩོམ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།