ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན། ཟི་ལིང་ནས་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་སྙན་ཞུ་འབུལ་བའི་ཡུལ་དངོས་ཀྱི་ཚོགས་ར།

ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མིའམ། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཅི་ཝེ་ཡིས་སྒྲོག་བཤད་སྙན་ཞུ་ཕུལ།

ཚོགས་ཞུགས་མི་སྣས་ནན་ཏན་གྱིས་སྒྲོག་བཤད་ལ་ཉན་བཞིན་པ།

ཚོགས་འདུར་ཞུགས་པའི་སློབ་ཆེན་སློབ་མས་ནན་ཏན་གྱིས་སྒྲོག་བཤད་ལ་ཉན་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་ཁོངས་མི། ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཅི་ཝེ་ཡིས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་སྙན་ཞུའི་ཚོགས་འདུར་འགོ་འཛིན་བྱས།

ལིའུ་ཅི་ཝེ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་གཞི་རྩའི་གནས་ཚུལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁའི་ཕུ་ཐག་གཅོད་པའི་དུས་རིམ་གྱི་གནས་བབ་ལ་གོ་བ་ཟབ་མོ་ལེན་པ། ཡང་དག་པའི་སྒོ་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མཛུབ་སྟོན་བསམ་བློ་དང་། དམིགས་འབེན་གཙོ་བོ་དང་གཞི་རྩའི་འདུ་ཤེས། ཁྱོན་ཡོངས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བིའ་ལས་འགན་སྣ་ཚོགས་དང་བྱེད་ཐབས་གལ་ཆེན། ཏང་གིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་མགོ་ཁྲིད་པ་སོགས་ཀྱི་ཕྱོགས་ནས་ཞིབ་རྒྱས་ངང་འགྲེལ་བཤད་བྱས་པ་མ་ཟད། དཔེ་མཚོན་གྱི་གཞི་གྲངས་དང་དཔེ་གཞི་མང་པོ་བཀོལ་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་གནད་སའི་སྐོར་ནས་རྒྱས་བཤད་ཟབ་མོ་བྱས། སྙན་ཞུ་མཇུག་རྫོགས་རྗེས་ཁོས་གྲོས་ཚོགས་སུ་ཞུགས་མཁན་རྣམས་ཀྱིས་བཏོན་པའི་དྲི་བར་ཡུལ་དངོས་ནས་ལན་བཏབ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་བྱེད་པ་རྩ་འཛུགས་བྱས་ཏེ་བརྙན་འཕྲིན་ལས་ཐེངས་འདིའི་སྙན་ཞུའི་ཚོགས་འདུའི་ནང་དོན་ལ་བལྟས།

སྙན་ཞུའི་ཚོགས་འདུར་མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ། ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་བསྟན་དོན། བློ་མཐུན་ལིའུ་ཅི་ཝེ་ཡི་སྒྲོག་བཤད་སྙན་ཞུ་དང་ཡུལ་དངོས་ནས་གནད་དོན་ལ་ལན་བཏབ་པ་དེས་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་རྒྱུས་ལོན་བྱེད་པར་རོགས་རམ་ཆེན་པོ་བྱེད་ཐུབ་ཟེར། ཐིན་རིམ་པའི་ལས་བྱེད་པ་ཞིག་གིས་བཤད་རྒྱུར། ལིའུ་པུའུ་ཀྲང་གི་སྙན་ཞུ་གསོན་ཉམས་ལྡན་པ་དང་དོན་དངོས་དང་མཐུན་ལ། ནང་དོན་ཕུན་སུམ་ཚོགས་པས། ཚང་མས་ཉན་རྗེས་2020ལོར་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གྱུར་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།