ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅོ་ལྔ་ལོའི་ཁྲིམས་འཛུགས་འཆར་གཞི་ལྟར། ཟླ་བཅུ་བའི་ཚེས་ཉེར་བདུན་ནས་ཚེས་ཉེར་བརྒྱད་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ། སྔ་ཕྱིར་ཁྲི་ཀ་རྫོང་དང་མིན་ཧི་རྫོང་གཉིས་ལ་སོང་ནས་ས་ཆུ་སྲུང་འཛིན་བྱ་བར་ཁྲིམས་འཛིན་རྟོག་ཞིབ་ནན་ཏན་བྱས།

རྟོག་ཞིབ་དངོས་ཀྱི་ཁྲོད་སྟག་འབུམ་ཐར་གྱིས་བསྟན་དོན། ས་ཆུ་ཤོར་བར་བཅོས་སྐྱོང་དང་སྔོན་འགོག་བྱེད་པའི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་པར་ཅིས་ཀྱང་གཤམ་གྱི་གནད་དོན་བཞི་ལྷག་ལུས་མེད་པའི་ངང་ལག་བསྟར་བྱེད་དགོས་ཏེ། གཅིག ས་བབ་དང་བསྟུན་ནས་ས་ཆུ་ཤོར་བར་བཅོས་སྐྱོང་དང་། ས་ཆུ་ཤོར་བ་ཚབས་ཆེ་བའི་ས་ཆར་སྐྱེ་ཁམས་དང་བཟོ་སྐྲུན་བསྐྱར་གསོན་གྱི་བྱེད་ཐབས་སྤྱོད་དགོས། གཉིས། ནན་ཏན་སྒོས་ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ས་ཆུ་སྲུང་འཛིན་བྱེད་ཐབས་ལག་བསྟར་དངོས་འབེབས་བཟང་བོ་བྱེད་པ་དང་། ས་ཆུ་སྲུང་འཛིན་བཅའ་ཁྲིམས་དང་དེ་འབྲེལ་གྱི་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པ། ཐོན་སྐྱེད་འཛུགས་སྐྲུན་ལས་གཞིའི་ཁྲོད་ཀྱི་ས་ཆུ་སྲུང་འཛིན་ལག་བསྟར་དངོས་འབེབས་ཡོང་མེད་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་དགོས། གསུམ། ཕྱོགས་བསྡུས་སྒོས་ས་ཆུ་སྲུང་འཛིན་དང་ནགས་འཛུགས་བཟོ་སྐྲུན། རྩྭ་སའི་སྐྱེ་ཁམས་འཛུགས་སྐྲུན། བྱེ་རྡུལ་འགོག་པའི་ལས་དོན་སོགས་ཀྱི་ཐད་མ་དངུལ་འབོར་ཆེན་བཏང་ནས། ཟམ་མ་ཆད་པའི་སྒོ་ནས་ས་ཆུ་སྲུང་འཛིན་ཐད་གཏོང་བའི་མ་དངུལ་གྱི་ཚད་ཇེ་མཐོར་གཏོང་དགོས། བཞི། ས་ཆུ་ཤོར་བ་ཚབས་ཆེ་བའི་ས་ཁུལ་ནས་རྫོང་རིམ་པའི་ས་ཆུ་ཤོར་ཚད་ལ་བརྟག་དཔྱད་བྱེད་པའི་ས་ཚིགས་རེ་ཅིས་ཀྱང་འཛུགས་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།