ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་དབྱང་གི་བླང་བྱ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་རིམ་པའི་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་སྟེང་དུ་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་གང་ལེགས་བྱས་པར་མ་ཟད། ད་དུང་སྲིད་གཞུང་ཁོངས་གཏོགས་ཀྱིས་དེ་ལག་བསྟར་དངོས་འབེབས་བྱེད་པའི་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས།

ཧའོ་ཕིན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་རིམ་ལ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། དེར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་དོན་སྨིན་ཡོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར་ཚང་འཛོམས་གྲོས་ཚོགས་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་དང་། «ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞིའི»གསལ་བཤད་དང་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་གྱིས། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་སྤྱི་སྡོམ་བྱས་ཡོད་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་བསམ་བློ་དང་ཚན་རིག་གི་འཆར་འགོད་གཏིང་ཟབ་པའི་ངང་སྒྲོག་འགྲེལ་བྱས་ཡོད་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་བླང་བྱ་གསལ་བོར་བསྟན་ཡོད་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། དེང་སྐབས་དང་མ་འོངས་པའི་དུས་ཡུན་གང་འཚམ་ནང་དུ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་དང་སྲིད་གཞུང་ཁོངས་གཏོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། དེར་ཞིབ་འཇུག་གཏིང་ཟབ་དང་ཞིབ་ཀློག་ནན་ཏན། མ་ནོར་མ་འཆུག་པའི་སྒོ་ནས་རང་རྒྱུད་ལ་བླངས་ནས། བསམ་བློ་དང་སྦྱོར་བ་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་འབད་འབུངས་ཧུར་བསྐྱེད་བྱེད་དགོས་ཟེར།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མ་ནོར་མ་འཆུག་པའི་སྒོ་ནས་ལག་ལེན་དང་སློབ་སྦྱོང་། བརྒྱུད་སྒྲོག་བཅས་བྱེད་པ་ལ་ཅིས་ཀྱང་གཤམ་གྱི་བླང་བྱ་གསུམ་བསྒྲུབ་དགོས་ཏེ། གཅིག་ནས་ད་ལོའི་ལོ་མཇུག་གི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་ནས། བྱ་བའི་ཁྲོད་གནས་པའི་གནད་དོན་འཕྲལ་སེལ་དང་ཆད་པ་ཁ་གསབ། བྱ་བའི་གནད་ཆེ་ས་འབུར་དུ་ཐོན་པ། ཉམས་ཞན་དུ་འགྲོ་བའི་བྱ་བ་ཡར་ལྡན་དུ་སྤེལ་བ་བཅས་བྱས་ཏེ། ད་ལོའི་དམིགས་འབེན་དུས་ལྟར་ཡོངས་འགྲུབ་བྱེད་དགོས། གཉིས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་མྱུར་དུ་སྒྲིག་བཟོ་བྱེད་དགོས། གསུམ་ནས་མ་འོངས་སྔོན་རྟོགས་ཀྱི་ཚུལ་གྱིས་སང་ལོའི་བྱ་བར་འཆར་འགོད་དང་བཀོད་སྒྲིག་བཟང་བོ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།