ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རྐང་ལག་བཅོས་མའི་ལུས་གསོ་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་རྣམ་གྲངས་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་ལྔ་དང་རྫོང་བཅུ་རུ་ཟབ་ཞུགས་བྱས་ཏེ་དབུལ་ཕོངས་དབང་བོ་སྐྱོན་ཅན་སྟོང་གཅིག་ལྔ་བརྒྱ་ལྷག་བདམས་ནས་བརྟག་དཔྱད་བྱས་པ་མ་ཟད་ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་སྟོང་གཅིག་སུམ་བརྒྱ་རེ་གསུམ་ལ་ལུས་གསོའི་ཡོ་བྱད་སྒྲིག་སྦྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་གསུམ་པ་ནས་ཟླ་བཅུ་བའི་བར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཉིས་སྟོང་བཅོ་ལྔ་ལོའི་ཕན་བདེའི་བྱ་དགའི་འཛིན་ཤོག་གིས་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་དང་རྒན་པའི་བདེ་ཐང་ལ་རོགས་རམ་བྱེད་པ་ཞེས་པའི་རྣམ་གྲངས་ལག་བསྟར་བྱས་ཤིང་ཞིང་ཆེན་རྐང་ལག་བཅོས་མའི་ལུས་གསོ་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་རྣམ་གྲངས་བྱ་བའི་ཚན་ཆུང་རྩ་འཛུགས་བྱས་ནས་མི་བཞི་མཉམ་དུ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་ལྔ་དང་རྫོང་བཅུ་རུ་ཟབ་ཞུགས་བྱས་ཏེ་དབུལ་ཕོངས་དབང་བོ་སྐྱོན་ཅན་སྟོང་གཅིག་ལྔ་བརྒྱ་ལྷག་བདམས་ནས་བརྟག་དཔྱད་བྱས་པ་མ་ཟད་ཆ་རྐྱེན་དང་མཐུན་པའི་དབང་བོ་སྐྱོན་ཅན་སྟོང་གཅིག་སུམ་བརྒྱ་རེ་གསུམ་ལ་ལུས་གསོའི་ཡོ་བྱད་སྟོང་གཅིག་བཞི་བརྒྱ་དང་གསུམ་སྒྲིག་སྦྱོར་བྱས། དེའི་ནང་རྐང་ལག་བཅོས་མ་བརྒྱ་དང་ཉེར་གསུམ་དང་ཕན་ཡོད་ཉན་ཆས་ང་བཞི། རྐུབ་སྟེགས་འཁོར་ལོ་ཅན་ཉིས་བརྒྱ་སུམ་ཅུ་སྒྲིག་སྦྱོར་བྱས་པ་མ་ཟད། ད་དུང་རོགས་སྐྱོར་ཐོབ་པའི་མི་སྣར་ལུས་གསོའི་སྨན་བཅོས་བྱས་ལ་རྣམ་གྲངས་ཧྲིལ་བོར་བསྡོམས་པས་འགྲོ་སོང་སྒོར་ས་ཡ་གཉིས་དང་འབུམ་བཞི་ཁྲི་ལྔ་བཏང་།

བྱ་དགའི་འཛིན་ཤོག་གིས་དབང་བོ་སྐྱོན་ཅན་ལ་རོགས་རམ་བྱེད་པ་དང་རྒན་པའི་བདེ་ཐང་ལ་རོགས་རམ་བྱེད་པ་ཞེས་པའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་དེ་ནུས་ཡོད་སྒོས་དབུལ་ཕོངས་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱས་པ་དང་ཁྱིམ་ཚང་གི་སེམས་ཁྲལ་ཐག་གཅོད་བྱས་ཏེ་ཤུགས་ཆེན་པོས་དབང་བོ་སྐྱོན་ཅན་ཁྱིམ་ཚང་གི་གཞི་རྩའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་པས། ས་གནས་སྲིད་གཞུང་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།