ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འདུ་ཤེས་འཛིན་སྟངས་ལ་སྔར་ལས་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་ཐད་ཞིབ་འཇུག་བྱས་ལ། ཞིང་ཆེན་ཡོངས་ནས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་སྐྲུན་པའི་བྱ་བར་བཀོད་སྒྲིག་བྱས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞི་ཡི་མ་ཡིག་འགོད་པའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། དེའི་ཐད་ནས་གྲོས་བསྡུར་བྱས་པ་དང་། གྲོས་ཚོགས་ནས་གྲོས་བསྡུར་བྱས་པ་ལྟར་བསམ་འཆར་ལ་དག་བཅོས་བྱས་རྗེས། ཁྱབ་ཁོངས་ངེས་ཅན་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུ་རེད།

ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་ཏང་ཨུ་དང་ཏང་ཙུའུ་ཡི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ཐད་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཨུ་དང་ཏང་ཙུའུ་ཡི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲི་ལམ་ལུགས་ཀྱི་ལག་བསྟར་བྱེད་ཐབས་ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲར་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་འདུ་ཤེས་འཛིན་སྟངས་དེ་ལངས་ཕྱོགས་དང་བགྲོད་ལམ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་འབྲེལ་བ་ཡོད་པས། སྤྱི་ཡོངས་ཀྱི་བྱ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། ལག་བསྟར་བྱེད་ཐབས་ནི་ཏང་ཀྲུང་དབྱང་གིས་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་དང་ཏང་ལ་དོ་དམ་བྱེད་པའི་འདུ་ཤེས་འཛིན་སྟངས་ཀྱི་རྩ་དོན་དོན་འཁྱོལ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཡིན་ལ། འདུ་ཤེས་འཛིན་སྟངས་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པ་དང་། བཅོས་བསྒྱུར་ལ་སྲུང་སྐྱོབ་དང་སྤྱི་ཡོངས་གཏན་འཇགས་སུ་གཏོང་བའི་ཤུགས་ཡོད་བྱེད་ཐབས་ཡིན་པས། དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་འདུ་ཤེས་འཛིན་སྟངས་བྱ་བའི་གལ་ཆེན་རང་བཞིན་ཤེས་པར་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཏང་ལ་དོ་དམ་བྱེད་པའི་འདུ་ཤེས་འཛིན་སྟངས་ཀྱི་རྩ་དོན་དོན་འཁྱོལ་བྱེད་པ། འགན་ཁུར་ཕྲག་ཏུ་ལེན་པ་དང་ལས་འགན་ལག་བསྟར་བྱེད་པ། འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཚོ་སྔོན་ནས་རྒྱུན་འཁྱོངས་དང་རྒྱ་བསྐྱེད་དགོས། ལག་བསྟར་བྱེད་ཐབས་ལག་ལེན་མཐར་ཕྱིན་བྱེད་ན། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་། ཏང་ནན་གྱིས་སྐྱོང་བ། ཏང་ཨུའི་འགན་འཁྲི་གཙོ་བོ་འདུ་ཤེས་འཛིན་སྟངས་བྱ་བའི་ཁྲོད་ནས་མངོན་པར་བྱེད་དགོས་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགན་ནུས་རེ་བ་གཏན་ཁེལ་གསལ་བོ་བྱེད་པ། གནད་དོན་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱེད་པ། ལྟ་ཞིབ་ཞིབ་དཔྱད་ལ་ཤུགས་སྣོན་པ། འགན་འཁྲི་རྩད་གཅོད་པར་གཟབ་ནན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་རྩ་དོན་ཞིབ་ཕྲ་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འདུ་ཤེས་འཛིན་སྟངས་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་རྒྱལ་ཡོངས་སྐབས་ལྔ་བའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཡོངས་ནས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་སྐྲུན་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང་སྐྲུན་པའི་བྱ་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་སྐོར་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དང་། ཀུན་སྤྱོད་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་བཟོ་སྐྲུན་ཆེན་པོ་ཡིན་ལ། སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་དང་དཔལ་ཡོན་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དངོས་གཉེར་བྱེད་ཐབས་ཀྱང་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་ཡོངས་སྐབས་ལྔ་བའི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྣེ་ཁྲིད་དུ་བྱས་ནས། རིན་ཐང་གི་སྣེ་ཁྲིད་བྱེད་པ་དང་མང་ཚོགས་ལམ་ཕྱོགས། གསར་སྐྲུན་གཙོར་འཛིན་པ། ཕན་འབྲས་བརྩོན་ལེན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གླེང་ཕྱོགས་ཀྱིས་སྣེ་ཁྲིདབཟང་བོ་བྱེད་པ། སྐུལ་སློང་བྱེད་ཐབས་ལ་ཤུགས་སྣོན་པ། ལམ་ལུགས་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། སྐར་ལྔ་གསར་སྐྲུན་བྱེད་པའི་ཚད་གཞི་ལྟར་དུ། ཁྲིམས་སྐྱོང་དང་ཀུན་སྤྱོད་སློབ་གསོ་དང་། མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ། དབུལ་སྐྱོར་དབུལ་ཐར་བྱ་འགུལ་སོགས་གཏིང་ཟབ་ཏུ་སྤེལ་ནས། དཔལ་ཡོན་གླེང་བ་དང་དར་སྲོལ་གསར་བ་འཛུགས་པ། སྤྱོད་ཚུལ་ངན་པ་བསྒྱུར་དགོས་ཞེས་བསྟན།

ཚོགས་ཐོག་ནས་རྒྱལ་ཡོངས་ཀྱིས་ན་གཞོན་ལས་བྱེད་པ་དང་བུད་མེད་ལས་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། ཏང་ཕྱིའི་ལས་བྱེད་པ་སྐྱེད་སྲིང་དང་འདེམས་བསྐོ་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ནས། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བྱ་བ་འདིའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་དང་རྫོང་དང་ཞང་གི་ལས་བྱེད་ཚན་ཁག་གི་སྐབས་བརྗེ་བ་དང་སྐོར་ཐེངས་གསར་བའི་རྗེས་གྲབས་ལས་བྱེད་པ་ལེགས་སྒྲིག་བྱེད་པ། མགོ་ཁུངས་འཛུགས་སྐྲུན་དང་ཡུན་རིང་གི་དམིགས་འབེན་འཛུགས་པ་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ནས། སྲིད་ཇུས་ལ་རྒྱུས་ལོན་བྱེད་པ་དང་སྤྱི་གྲངས་ཁ་གསབ་བྱེད་པ། གྲུབ་ཚུལ་ལེགས་སྒྲིག བྱང་ཚད་མཐོར་འདེགས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རེ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ནས2015ལོའི་ཀྲུང་དབྱང་གི་སྐོར་ཐེངས་གསུམ་པའི་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་ཀྱི་ཕྱོགས་བསྡུས་གནས་ཚུལ་དང་སྐོར་ཐེངས་གསུམ་པའི་སྐོར་ཞིབ་བཀོད་སྒྲིག་བྱེད་པའི་བསམ་འཆར་ཐད་ཀྱི་སྙན་ཞུར་ཉན་ལ། ཞིང་ཆེན་ཏང་ཨུའི་སྐོར་ཐེངས་གཉིས་པའི་སྐོར་ཞིབ་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཀྲུང་དབྱང་གི་བཀོད་སྒྲིག་དང་རེ་བ་ལྟར་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། མུ་མཐུད་དུ་ད་ལོའི་སྐོར་ཐེངས་གསུམ་པའི་སྐོར་ཞིབ་བྱ་བ་དམ་འཛིན་བྱེད་པ། གནད་དོན་གྱི་དག་ཐེར་ལེགས་བཅོས་ལ་སྐུལ་འདེད་བྱེད་པ། སྐོར་ཞིབ་ཀྱི་གྲུབ་འབྲས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱས་ཏེ། མུ་མཐུད་དུ་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བྱེད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།