ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གཞི་རྩའི་ནུས་པ་ཇེ་ཆེར་བཏང་ནས། ནུས་པར་བརྟེན་ནས་ལས་གནས་ཀྱི་ལས་རིགས་ལག་བསྟར་བྱེད་ཆེད། ད་ལོའི་ཟླ་གསུམ་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་གཅིག་བསྡུས་ཀྱིས་རེས་སྐོར་གསོ་སྦྱོང་བྱས། ཟླ་བརྒྱད་པའི་བར་དུ་ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་སྟོང་བཞི་དང་བརྒྱ་དང་ཞེ་གསུམ་དང་། སྡོད་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་བཞི་བརྒ་དང་སོ་དགུ་གཅིག་བསྡུས་ཀྱིས་རེས་སྐོར་གསོ་སྦྱོང་ལ་ཞུགས།

ད་ལོ་ནི་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས«ཉིས་སྟོང་བཅུ་བཞི་ལོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་གསོ་སྦྱོང་བྱ་བའི་འཆར་གཞི»ལག་བསྟར་བྱེད་པའི་ལོ་དང་པོ་ཡིན་ལ། གཞི་གསུམ་འཛུགས་སྐྲུན་བྱས་ནས་ལོ་གཉིས་ཀྱི་རིང་ལ་ཕན་འབྲས་བླངས་པའི་གནད་འགག་གི་ལོ་ཡང་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུས་མཐོང་ཆེན་ཚད་མཐོན་པོ་བྱས་པ་དང་། ནན་ཏན་སྒོས་འཆར་གཞི་འཐེན་པ། སེམས་ཞིབ་མོས་རྩ་འཛུགས། ནན་ཏན་སྒོས་སྐུལ་འདེད་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་། གྲོང་ཁྱེར་དང་ས་ཁུལ་བཅས་རིམ་པ་གསུམ་གྱི་ཏང་ཨུའི་རྩ་འཛུགས་སྡེ་ཁག་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོ། ཁྱབ་ཁོངས་སོ་སོའི་རྩ་འཛུགས་མི་དོན་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་པར་སྐྲུན་འགྲེམ་སྤེལ་བྱས་པའི«གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་རྣམས་ལ་གཅིག་བསྡུས་རེས་སྐོར་གསོ་སྦྱོང་བྱེད་པའི་སྐོར་གྱི»བརྡ་ཐོ་བཏང་ནས་། རང་རང་གི་འགན་འཁྲི་དང་དུ་ལེན་པ་དང་ཡུལ་བབ་དང་བསྟུན་ཏེ། ས་ཁུལ་དང་སྡེ་ཁག ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་རྣམས་ལ་གཅིག་བསྡུས་རེས་སྐོར་གསོ་སྦྱོང་བྱ་བ་སྒྲུབ་པར་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།