ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་དག་གི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་མ་འོངས་པའི་མདུན་ལམ་ལ་དམིགས་ཏེ། སྲོལ་རྒྱུན་དང་བསྐྱར་དར་སྨྱན་བྱེད་བརྒྱུད་ལམ་གལ་ཆེན་ལ་བརྩིས་ནས། གནས་སྐོར་བརྗོད་དོན་སྣ་མང་ཡིན་པའི་འབྲེལ་མཐུད་ཚོགས་འདུ་བསྡུས་པ་དང་། ཐོན་ལས་དུས་ཆེན་གར་སྟེགས་ཆེ་གྲས་སུ་བརྩི་བ། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་པ་བརྒྱུད། རིག་གནས་དང་གནས་སྐོར་མཉམ་འདྲེས་ཀྱི་ངང་ནས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་གང་ཡོད་བཏོན་དང་འདོན་བཞིན་ཡོད། ད་ལོའི་ཟླ་དགུ་བའི་བར་དུ། རྨ་ལྷོ་ཁུལ་ཡོངས་ཀྱི་མངའ་ཁོངས་ནས་གནས་སྐོར་བ་ས་ཡ་གཅིག་དང་འབུམ་དགུ་ཁྲི་ལྔ་ལྷག་སྣེ་ལེན་བྱས་ཤིང་། དེས་གནས་སྐོར་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་བརྒྱད་བསྐྲུན།

རྨ་ལྷོ་ཁུལ་གྱིས་རིག་གནས་གནས་སྐོར་ལས་དོན་དེ་ཉིད་ཐོན་ལས་གསུམ་པའི་ཁེ་ལས་ཀྱི་སྣེ་ཁྲིད་པ་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་བཞིའི་ཐོད་བརྒལ་བྱེད་ས་ཞིག་ལ་བརྩིས་ཏེ། ཁུལ་ཡོངས་ཀྱི་རྫོང་ཁག་བཞི་སོ་སོར་རིམ་བཞིན་ཐུན་རིན་རྫོང་གི་ལོ་རྒྱུས་རིག་གནས་མཁར་ཤུལ་གྲགས་ཅན་སྲུང་སྐྱོབ་དང་བེད་སྤྱོད་སྐོར་གྱི་སྤྱིའི་འཆར་འགོད་དང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་རིག་གནས་གནས་སྐོར་འཕེལ་རྒྱས་འཆར་འགོད། བྲག་ཁང་སྣ་ཁའི་བོད་སྡེ་ཁག་གི་གནས་སྐོར་ལས་སྒོ་མཐོར་འདེགས་དང་བཅོས་སྒྱུར་གཏོང་བའི་སྐོར་གྱི་འཆར་འགོད། སྣང་རའི་སྟོང་དཔོན་གྱི་གཞིས་ཁུལ་མཛེས་ལྗོངས་བསྐྱར་སྐྲུན་སྐོར་གྱི་འཆར་འགོད་སོགས་གཏན་འབེབས་བཟོས། དེ་མིན་ད་དུང་ཀྲུང་གོ་ལྕགས་ལམ་སྡེ་ཚོགས་དང་མཚོ་སྔོན་ཀྲིན་ཏ་ས་ཁང་བདག་ཁོངས་ཚད་ཡོད་ཀུང་ཟི་སོགས་ཀྲུང་དབྱང་གི་ཁེ་ལས་དང་ཞིང་ཆེན་གྱི་ཁེ་ལས་ཆེན་པོར་མཉམ་འབྲེལ་བྱས་ཏེ། ཕྱི་དར་རིག་གནས་གླིང་དང་རེབ་གོང་རིག་གནས་ཐོན་ལས་གླིང་། རྨ་ལྷོའི་ལོ་རྒྱུས་རིག་གནས་བཤམས་སྟོན་ཁང་། ཧི་ནན་རྫོང་རིག་གནས་གནས་སྐོར་ཐོན་ལས་གླིང་སོགས་ཀྱི་བཟོ་སྐྲུན་ལེགས་འགྲུབ་བྱས་པ་མ་ཟད། ཧུར་བརྩོན་ཆེན་པོས་རེབ་གོང་རིག་གནས་ཁྲོམ་ལམ་དང་གཅན་ཚྭ་ཧི་མ་ལ་ཡ་དམངས་སྲོལ་རིག་གནས་སྡེ་བ་སོགས་ཀྱི་ལས་སྒོ་ཁྱབ་སྤེལ་གཏོང་གང་ཐུབ་བྱས་ཏེ། རོང་བོ་དགོན་པ་སོགས་རྒྱལ་ཁབ་རིག་གནས་སྲུང་སྐྱོབ་སྡེ་ཁག་ཉི་ཤུ་ལྷག་ལ་སྲུང་སྐྱོབ་བླ་ལྷག་བྱེད་ཀྱིན་ཡོད།

སྲིད་ཇུས་ཀྱི་སྣེ་སྟོན་དང་མ་དངུལ་གྱི་རྒྱབ་སྐྱོར་བླ་མེད་ཐོབ་པ་དེས། རིག་གནས་གནས་སྐོར་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྐུལ་མ་གནང་ནས། དམངས་ཁྲོད་སྒྱུ་རྩལ་པ་མང་པོ་རྒྱལ་ཁབ་ཕྱི་ནང་གི་འབྲེལ་མཐུད་ཚོགས་འདུ་དང་འགྲེམ་སྟོན་ཚོགས་འདུའི་སྟེང་ཞུགས་པར་མ་ཟད། སྔ་ཕྱིར་ཨ་མེ་རི་ཁ་དང་ཐེ་གོ ཧན་གོ་སོགས་རྒྱལ་ཁབ་ནས་རེབ་གོང་སྒྱུ་རྩལ་འགྲེམ་སྟོན་བྱས་པ་ལས་གཞན། ད་དུང་པེ་ཅིན་དང་ཧྲང་ཧེ། ཧྲིན་ཀྲིན་སོགས་ནས་རེབ་གོང་སྒྱུ་རྩལ་གསར་རྩོམ་དང་འགྲེམ་འཚོང་བྱེད་གནས་ཉིས་བརྒྱ་ལྷག་བཙུགས་ཡོད། དེ་མིན་ད་དུང་ཟློས་གར་བརྩམས་ཆོས་རེབ་གོང་གི་མཚར་ཉམས་དང་། དྲིམེད་ཀུན་ལྡན། སྲོང་བཙན་སྒམ་པོ་སོགས་འཁྲབ་སྟོན་བྱས་ནས་རྒྱལ་ཁབ་ཕྱི་ནང་ཀུན་ལ་བག་ཆགས་བསུབ་ཐབས་མེད་པ་བཞག་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།