IMG_7670.jpg

རྒྱུས་ལོན་པ་ལྟར་ན། ཉེ་སྔོན། «འབྲོང»རྩོམ་རིག་ལོ་ཙཱའི་དཔེ་ཚོགས་བཞི་བ་དེ་རྩོམ་པ་པོའི་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་བཞི་བའི་རྩོམ་པ་པོ་ཡོངས་རྫོགས་བོད་རིགས་བུད་མེད་སྙན་ངག་པ་ཡིན།

«འབྲོང»ཞེས་རྩོམ་རིག་ལོ་ཙཱའི་དཔེ་ཚོགས་ནི་མཚོ་སྔོན་ཞིང་ཆེན་རྩོམ་རིག་གསར་རྩོམ་འཕེལ་རྒྱས་འཆར་འགོད་རྣམ་གྲངས་ཁྲོད་ཀྱི་གཅིག་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་སོགས་གོང་རིམ་སྡེ་ཁག་གི་རྒྱབ་སྐྱོར་ཆེན་པོའི་འོག མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཐད་སྐུལ་འདེད་དང་། གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་ལ་སྐུལ་འདེད། རྩོམ་པ་པོ་ཁྱབ་གདལ་དང་འབྲེལ་འདྲིས་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཅིང་། རྒྱ་ཆེ་བའི་བོད་ཡིག་རྩོམ་པ་པོ་དང་ཀློག་པ་པོའི་ཁྲོད་ཤུགས་རྐྱེན་ལེགས་པོ་ཐོན།

ཐེངས་འདིར་པར་བསྐྲུན་བྱས་པའི་བརྩམས་ཆོས་བཞི་དང་ལོ་ཙཱ་བ་སོ་སོ་ནི«བདེ་སྐྱིད་སྒྲོལ་མའི་སྙན་ངག་གཅེས་བསྡུས»(བོད་ཡིག་བརྩམས་ཆོས་ཀྱི་རྩོམ་པ་པོ་བདེ་སྐྱིད་སྒྲོལ་མ། ལོ་ཙཱ་བ་བདེ་སྐྱིད་སྒྲོལ་མ)དང་། «དཔའ་མོའི་སྙན་ངག་གཅེས་བསྡུས»(བོད་ཡིག་བརྩམས་ཆོས་ཀྱི་རྩོམ་པ་པོ་དཔའ་མོ། ལོ་ཙཱ་བ་ལུང་རིན་ཆེན)། «པདྨ་མཚོའི་སྙན་ངག་གཅེས་བསྡུས»(བོད་ཡིག་བརྩམས་ཆོས་ཀྱི་རྩོམ་པ་པོ་པདྨ་མཚོ། ལོ་ཙཱ་བ་ཨ་སྡོང་དཔའ་རྡོ་ཐར)། «མེ་ཏོག་སྐྱིད་ཀྱི་སྙན་ངག་གཅེས་བསྡུས»(བོད་ཡིག་བརྩམས་ཆོས་ཀྱི་རྩོམ་པ་པོ་མེ་ཏོག་སྐྱིད། ལོ་ཙཱ་བ་འཇིགས་མེད་རྡོ་རྗེ)བཅས་ཡིན།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།