ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཛད་སྒོ་བསྡུས་ཏེ། དུས་ཡུན་རིང་པོར་འཐབ་ཕྱོགས་དང་པོ་ནས་དམངས་ལ་ཞབས་འདེགས་ཞུས་པ་དང་མཛད་རྗེས་གང་མང་བཞག་མྱོང་བའི་རྨ་ལྷོ་ཁུལ་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་ལ“རྨ་ལྷོའི་མེ་གསོད་སྲུང་དམག”གི་མཚན་སྙན་གནང་།

ཉེ་བའི་ལོ་འགའི་རིང་། རྨ་ལྷོ་ཁུལ་གྱི་སྤྱི་བདེ་མེ་གསོད་ཡན་ལག་རུ་ཁག་གིས་ཏང་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་ལྷག་བསམ་རྣམ་དག་སྒོས་བསྒྲུབས་པ་དང་མཐུན་སྒྲིལ་ཡར་ཐོན་དང་དཀའ་ངལ་ཁྱད་བསལ་བྱས་ཏེ། མེ་འགོག་དང་མེ་གསོད་དཀྱིལ་སྙིང་བྱས་པའི་བྱ་བའི་ལས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱས་ནས་ཁུལ་ཡོངས་ལ་ཅུང་ཚབས་ཆེ་བའི་མེ་སྐྱོན་མི་འབྱུང་བར་ཁག་ཐེག་བྱས། ད་ལོར། རྨ་ལྷོ་ཁུལ་གྱི་སྤྱི་བདེ་ཡན་ལག་རུ་ཁག་གིས་མེ་གསོད་བདེ་འཇགས་དྲ་རྒྱའི་དོ་དམ་དེ་རྨ་ལྷོའི་འཛུགས་སྐྲུན་བྱ་བའི་ཁྲོད་བཞག་ནས་དགོན་པ་དང་མི་ཚོགས་འདུ་ས་གནད་ཆེ་སར་བཟུང་ནས་མེ་སྐྱོན་རྐྱེན་ངན་འབྱུང་བར་ཞིབ་བཤེར་བཟོ་བཅོས་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་བ་དང་མེ་གསོད་དྲིལ་སྒྲོག་སློབ་གསོ་ཤུགས་ཆེར་སྤེལ་ནས་འཐབ་འཛིང་དངོས་ལས་དམག་མིར་སྦྱོང་བརྡར་བྱས་ཏེ། ཕྱོགས་ཡོངས་ནས་དམག་དཔུང་གི་ཕྱོགས་བསྡུས་འཐུབ་འཛིང་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་། དེ་དང་མཉམ་དུ། ཡན་ལག་རུ་ཁག་གིས་ཧུར་ཐག་གིས་ཁུལ་སྲིད་གཞུང་གིས་བཏོན་པའི “མེ་གསོད་རུ་མི་ཡོངས་ཞུགས་པ་དང་། ལས་བཟོ་བ་ཡོངས་ཀྱིས་དམག་གྲབས་བྱེད་པ། ཤུགས་ཡོད་སྒོས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི”བྱ་བའི་ཆ་རྐྱེན་དང་དུ་བླངས་པ་དང་། ཁུལ་ཨུ་ཁུལ་སྲིད་གཞུང་གི་མགོ་ཁྲིད་འོག བརྟན་འཇགས་སྲུང་སྐྱོབ་བྱེད་པའི་བྱ་བ་དར་སྤེལ་བཏང་ནས་བརྟན་འཇགས་སྲུང་སྐྱོབ་བྱེད་པའི་ནུས་པ་འདོན་སྤེལ་བྱས་པས། ཏང་ཨུ་དང་སྲིད་གཞུང་། རིགས་སོ་སོའི་མང་ཚོགས་བཅས་ཀྱི་བསྟོད་བསྔགས་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།