ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལག་བཟོས་མཛེས་རྩལ་སྲུང་སྐྱོབ་དོ་དམ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་རིག་གནས་སྒྱུ་རྩལ་དང་བོད་ཀྱི་ས་གདན། གསེར་དངུལ་གྱི་རྒྱན་ཆ། ཁུ་ནུ་གཡང་ཊི་བཅས་བཞི་བོ་མཚོ་སྔོན་ཞིང་ཆེན་གྱི་ལག་བཟོས་མཛེས་རྕལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཐོན་ལས་ཆེན་པོ་བཞི་རུ་གྱུར་ཡོད། 2014ལོའི་ལོ་མཇུག་བར་དུ། ལས་རིགས་ཀྱི་ལོ་ཧྲིལ་བོའི་ཕྱིར་འཚོང་རིན་འབོར་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བྱེ་བ་གཉིས་ས་ཡ་དགུ་རུ་བསླེབས་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ད་ཡོད་ལག་ཤེས་མཛེས་རྩལ་གྱི་སྣ་ཁ་ཧ་ཅང་མང་བ་དང་། དེའི་ཁྲོད་འཇིམ་བརྐོས་ལག་བཟོས་མཛེས་རྩལ་ཐོན་རྫས་དང་ལྕགས་རིགས་ལག་བཟོས་མཛེས་རྩལ་ཐོན་རྫས། གཙགས་དྲུབས་ལག་བཟོས་མཛེས་རྩལ་ཐོན་རྫས། གསེར་དངུལ་རྒྱན་ཆའི་ལག་བཟོས་མཛེས་རྩལ་ཐོན་རྫས། མི་རིགས་ལག་བཟོས་མཛེས་རྩལ་ཐོན་རྫས་སོགས་རིགས་སྣ་ཆེན་པོ་བརྒྱད་དང་། སྣ་ཁ་འབྲིང་ཆུང་ཉེར་ལྔ། རྣམས་གྲངས་རེ་གཉིས། རྫས་སྣ་སྟོང་བརྒྱད་བཅས་འདུ། བསྡོམས་རྩིས་ལྟར་ན། 2014ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་སུ་ལག་བཟོས་མཛེས་རྩལ་ལས་རིགས་ཁེ་ལས་དང་ལག་བཟོས་ཐོན་རྫས་ཕྱིར་འཚོང་ཚོང་ཁང་། མི་སྒེར་གྱི་ལག་བཟོས་ཐོན་རྫས་ལས་སྣོན་བྱེད་ས་སྟོང་གསུམ་དང་སུམ་བརྒྱ་ཞེ་དྲུག་ཡོད་པ་དང་། ལག་བཟོས་ཐོན་རྫས་ཀྱི་ལས་དོན་གཉེར་བཞིན་པ་དང་ལས་ཞུགས་བྱེད་པའི་མི་འབུམ་གཅིག་ལྷག་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཁྱད་ཆོས་རིག་གནས་ཐོན་ལས་ཐད་ནས་ལག་བཟོས་མཛེས་རྩལ་ཐོན་ལས་དེ་ཐོད་བརྒལ་བྱེད་སར་བཟུང་ནས། ལག་བཟོས་མཛེས་རྩལ་ཐོན་ལས་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་བ་དང་། མི་རིགས་འཁྲབ་སྟོན་དང་སྒྲ་གཟུགས་དཔར་སྐྲུན། གསར་འགྱུར་དཔེ་སྐྲུན་སོགས་འབྲེལ་ཡོད་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་ཆགས་པར་བྱས་པས། ལག་བཟོས་མཛེས་རྩལ་ཐོན་ལས་དེ་མཚོ་སྔོན་གྱི་ཁྱད་ཆོས་རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ལས་རིགས་གཙོ་བོར་གྱུར། ལག་བཟོས་མཛེས་རྩལ་ཐད་ཀྱི་ཤེས་ལྡན་མི་སྣ་མུ་མཐུད་ནས་ཇེ་མང་དུ་སོང་བ་དེས་ཀྱང་གཟུགས་འདས་རིག་གནས་ཤུལ་བཞག་དང་སྲོལ་རྒྱུན་ལག་བཟོས་མཛེས་རྩལ་རྒྱུད་འཛིན་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས། ད་ལྟ་མཚོ་སྔོན་ཞིང་ཆེན་ཡོངས་སུ་བསྡོམས་པས་ལག་བཟོས་མཛེས་རྩལ་མཁན་པོ་ཉིས་བརྒྱ་དང་སོ་གཅིག་ཡོད་པ་དང་། དེ་ལས་གཞན། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྲོད་ཚུད་པའི་དམངས་ཁྲོད་མཛེས་རྩལ་དང་ལག་བཟོ་ལག་རྩལ་སྣ་བཅུ་བཞི་ཡོད་པ་དང་། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ཁྲོད་ཚུད་པའི་དམངས་ཁྲོད་མཛེས་རྩལ་དང་ལག་བཟོ་ལག་རྩལ་སྣ་སོ་བདུན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།