ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གྲོང་རྡལ་གསུམ་ལ་ཆུ་འདོན་པའི་བཟོ་སྐྲུན་ཟླ་སྔོན་མའི་ནང་ཁམས་ར་གྲོང་རྡལ་དུ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། བཟོ་སྐྲུན་དེར་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་ལྔ་རྒྱུ་ཡིན་ལ། འཐུང་ཆུ་དང་གྲོང་ཁྱེར་འཛུགས་སྐྲུན་ཁག་གཉིས་སུ་བགོས་ཡོད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་ཐད་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དྲུག་བཏང་བ་དང་དེ་རིམ་པ་གསུམ་དུ་བགར་ནས་ལག་བསྟར་བྱེད་རྒྱུ་རེད། ལས་གཞི་དེ་འགྲུབ་རྗེས་གཅན་ཚ་རྫོང་གི་མར་ཁི་ཐང་གྲོང་རྡལ་དང་ཁང་ཡང་གྲོང་རྡལ། ཁམས་ར་གྲོང་རྡལ་བཅས་ཀྱི་སྡེ་བ་ཉེར་དྲུག་དང་སློབ་གྲྭ་བཅུ་དྲུག དགོན་པ་བཞི། འབྲོག་དམངས་གཏན་སྡོད་བྱེད་ས་གཉིས་བཅས་ཀྱི་ཁྱིམ་ཚང་སྟོང་དྲུག་དང་དྲུག་བརྒྱ་སོ་དགུའི་མི་ཁྲི་བརྒྱད་དང་སྟོང་གཅིག་ལྷག་དང་ཕྱུགས་ཟོག་ཁྲི་གསུམ་ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཐུབ།

ཉེ་བའི་ལོ་འགའི་རིང་ལ། རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གྲོང་རྡལ་གསུམ་གྱི་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་དེ་གཅན་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་གནད་དོན་དུ་གྱུར་ཡོད་པ་དང་གནད་དོན་དེ་མྱུར་དུ་ཐག་གཅོད་ཆེད། གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་སྒོས་ལས་གཞིའི་མ་དངུལ་བརྩོན་ལེན་བྱས་ནས་རྫོང་དེའི་གྲོང་རྡལ་གསུམ་ལ་ཆུ་འདོན་པའི་བཟོ་སྐྲུན་ད་ལོར་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱས།

གཅན་ཚ་རྫོང་གི་རྫོང་དཔོན་ཀླུ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། ཆུ་འདོན་བཟོ་སྐྲུན་དེ་འཛུགས་སྐྲུན་བྱས་ན་གཅན་ཚ་རྫོང་གི་གྲོང་རྡལ་གསུམ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་ཐུབ་པ་དང་རྫོང་ཁོངས་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་པར་མ་ཟད་དམངས་ཚིས་ལེགས་བཅོས་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།