ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྤྱི་བདེ་བཅོས་བསྒྱུར་ཟབ་སྤེལ་བྱ་བའི་བྱེད་ཐབས་གལ་ཆེན་ཞིག་ཁྱབ་སྒྲོག་བྱས་ཏེ། ད་ལོའི་ལོ་མཇུག་གི་སྔོན་ལ། ཞིང་ཆེན་ཡོངས་སུ་ཁྱབ་པ་དང་ཐེངས་གཅིག་ཏུ་ལས་གནས་གཏན་འཁེལ་བྱེད་པའི་བསམ་ཕྱོགས་ལྟར། ཞིང་ཆེན་ཡོངས་སུ་ཉེན་རྟོག་པ་སྟོང་ལྔ་དང་བདུན་བརྒྱ་གོ་གསུམ་སྐོང་འཐེན་དང་གདན་ཞུ་བྱས་ནས་གཞི་རིམ་གྱི་ཉེན་རྟོག་ལས་ཁུངས་སུ་མངག་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཅུ་བའི་སྔོན་ལ། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱི་སྤྱིའི་ཉེན་རྟོག་པའི་སྟོབས་ཤུགས་སོ་སོར་བརྒྱ་ཆའི་ཉི་ཤུ་དང་བརྒྱ་ཆའི་བཅུ། བརྒྱ་ཆའི་ཉི་ཤུ་བཅས་ལ་སླེབས་པའི་བསྡུར་ཚད་ལྟར། ཞིང་ཆེན་ཡོངས་སུ་ལོ་ལྔ་བཅུ་མན་ཆད་ཀྱི་བྱེད་སྒོ་བཟང་བའི་ཉེན་རྟོག་པ་སྟོང་གཅིག་དང་ཉིས་བརྒྱ་རེ་གསུམ་སྐོང་འཐེན་བྱས་ནས་གཞི་རིམ་གྱི་མངག་གཏོང་ཁང་ལ་མངག་རྒྱུ་རེད། ད་ལོའི་ལོ་མཇུག་གི་སྔོན་ལ། ཉེན་རྟོག་པ་སྟོང་བཞི་དང་ལྔ་བརྒྱ་སུམ་ཅུ་གདན་ཞུ་བྱས་ནས་གཞི་རིམ་གྱི་མངག་གཏོང་ཁང་ལ་མངགས་ཏེ་ཉེན་རྟོག་པའི་བྱ་བར་རོགས་ལས་བྱེད་རྒྱུ་ཡིན་པར་མ་ཟད། སྤྱི་ཚོགས་བཅོས་སྐྱོང་སྔོན་འགོག་དང་ཚོད་འཛིན་བྱེད་པ་དང་། ཁྲིམས་འགལ་ནག་ཉེས་བཟོ་བར་ཆམ་ཕབ་གཏོང་བ། ཆ་འཕྲིན་བསྡུ་ལེན་བྱེད་པ། འགལ་བ་མེད་པར་གཏོང་བ། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་ཕྱི་སྒྲུབ་པ་སོགས་སྤྱི་བདེ་རྨང་གཞིའི་བྱ་བ་བསྒྲུབ་རྒྱུ་རེད། །
རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།