ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐབས་བཅུ་གསུམ་པའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་སྟ་གོན་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཚོགས་ཐོག་ནས་སྐབས་བཅུ་གསུམ་པའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་གྱི་སྔོན་འགྲོའི་བྱ་བ་བཟུང་བའི་གནས་ཚུལ་བརྟག་དཔྱད་བྱས་པ་དང་། མ་འོངས་པའི་སྟ་གོན་གྱི་བྱ་བར་བཀོད་སྒྲིག་འཐུས་སྒོ་་ཚང་བ་བྱས། རིག་གནས་གནས་སྐོར་དུས་ཆེན་རྩ་འཛུགས་ཨུ་ཡོན་གི་ཀྲུའུ་རིན། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། སྐབས་བཅུ་གསུམ་པའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་ནི་ད་ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཏན་འབེབས་བཟོས་པའི་དུས་ཆེན་ཆེ་གྲས་ལྔའི་ཁྲོད་ཀྱི་ཆེས་རྗེས་མ་དེ་ཡིན་ལ། དེ་ནི་དུས་ཆེན་སྔོན་མ་དག་དང་བསྡུར་ཐབས་གཏན་ནས་མེད་པས། དུས་ཆེན་གྱི་རྣམ་པ་དང་སྒྲིག་བཀོད། ནང་རྫོངས་སོགས་ཀྱི་ཐད་གཞན་དང་མི་འདྲ་བའི་དགེ་མཚན་ཆེན་པོ་ཡོད། ང་ཚོས་དུས་ཆེན་འདི་ཉིད་ནི་མཚོ་སྔོན་གྱི་དམངས་ཚིས་ལེགས་བཅོས་ཀྱི་གོ་སྐབས་ཆེན་པོ་ཞིག་ལ་བཟུང་ནས་སྤེལ་དགོས་པ་དང་། དུས་ཆེན་འདི་ཉིད་ཕུན་སུམ་ཚོགས་པའི་ངང་སྤེལ་ཆེད་སྟ་གོན་གྱི་བྱ་བ་ནན་ཏན་སྒོས་བསྒྲུབ་རྒྱུ་ནི་ཡོད་ཚད་ཀྱི་འགག་རྩ་ལྟ་བུ་ཡིན།

གྲོས་ཚོགས་ལས་བླང་བྱ་བཏོན་ནས་བཤད་རྒྱུར། ས་གནས་དང་ལས་ཁུངས་ཁག་གིས་བྱ་བའི་དམིགས་འབེན་གཙོ་བོར་འཛིན་པ་དང་། གཅིག་གྱུར་མཐུན་སྦྱོར་ཡོང་བར་ཡར་སྐུལ། ཐོན་ལས་མཉམ་བསྲེས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། ལས་རིམ་ཁག་གི་ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་བྱེད་པ། དྲིལ་སྒྲོག་གི་སྣེ་སྟོན་ནུས་པ་ཤུགས་ཆེར་སྤེལ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། སྟོབས་ཤུགས་གང་ཡོད་སྐབས་བཅུ་གསུམ་པའི་མཚོ་སྔོན་རིག་གནས་གནས་སྐོར་དུས་ཆེན་གྲ་རྒྱས་པོ་ཞིག་བསྒྲུབ་པའི་ཐད་འབུལ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།