ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་པའི་གནས་ཚུལ་སྤྱི་བསྒྲགས་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་ནན་མོ་བྱས་པ་མ་ཟད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་བསྒྲགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝུའུ་ཁྲང་ཧྲིན་གྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཐེངས་འདིའི་གྲོས་ཚོགས་ལ་ཁྱོན་བསྡོམས་ལས་བྱེད་པ་རྒན་པ་ཉིས་བརྒྱ་ཉི་ཤུ་ལྷག་ཚོགས་ཞུགས་བྱས།

ཝང་ཅན་ཅོན་གྱིས་ཚོགས་ཐོག་ནས་དབུལ་སྐྱོར་དང་འཕེལ་རྒྱས། དངོས་འབེས་བཅས་བརྗོད་གཞི་གཙོ་བོར་བཟུང་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཇུས་གཞི་གཙོ་བོ་ལག་བསྟར་དངོས་འབེབས་བཟང་བོ་བྱས་པའི་གནས་ཚུལ་དང་།ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བ་འཁོར་རྒྱུག་བྱས་པའི་གནས་ཚུལ། ད་ལོའི་ལོ་སྨད་ཀྱི་བྱ་བ་གཙོ་བོ། སྤྱི་ཁོག་དབུལ་ཐར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྲུན་བྱ་བའི་གནད་བཞི་བཅས་གཙོ་བོར་བཟུང་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་བསྒྲགས།

ཝང་ཅན་ཅོན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དངོས་འབེབས་བྱ་བ་དམ་པོར་འཛིན་པ་དང་། དོན་དངོས་ལྟར་བྱ་བ་སྒྲུབ་པའི་བྱེད་ཕྱོགས་དེ་ཉིད་ཁྲིམས་ལྟར་མཚོ་སྔོན་སྐྱོང་བའི་ཐབས་ཇུས་དང་ཁ་ཕྱོགས་གཙོ་བོར་བཟུང་མཐར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ལས་སྒོ་ཡོད་ཚད་ལག་བསྟར་དོན་འཁྱོལ་ཡོང་བའི་ཐད་སྟོབས་ཤུགས་གང་ཡོད་རྩལ་དུ་འདོན་ཐུབ་ཡོད་ཟེར།

ཝང་ཅན་ཅོན་གྱིས་བསྟན་དོན། གནའ་ནས་ད་ལྟ་ལ་ཐུག་གི་བར་དུ། ལུས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་རྒན་པ་ཚང་མས་མཚོ་སྔོན་གྱི་འཕེལ་རྒྱས་བྱ་བ་སེམས་ལ་སྣོག་ཡོད་པ་དང་། མཚོ་སྔོན་གྱི་དམངས་ཚིས་སྐྱིད་སྡུག་བྱ་བ་ཡིད་ལ་བཅངས་ནས་ཡོད་པས། རང་སོ་སོའི་ལས་རྐང་དང་ཁ་བྲལ་ནས་ཡུན་རིང་འགོར་ནའང་། ལས་བྱེད་པ་རྒན་པ་རྣམས་ཀྱིས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་བྱ་བ་བརྟན་འཇགས་ངང་འཕེལ་བར་སྟོབས་ཤུགས་མི་དམན་པ་བཏོན་ཡོད་ཟེར། ཁོས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཚབ་བྱས་ནས་ལས་བྱེད་པ་རྒན་པ་ཚོར་བཀའ་དྲིན་ཞུས།

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།