ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རུང་གིས་མགོ་འཛོན་བྱས་ཏེ། ཞིང་ཆེན་ཁྲིམས་འཛིན་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བའི་མཐུན་སྦྱོར་ཚན་ཁག་གི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་ཁྲིམས་འཛིན་ཚོད་ལྟའི་བྱ་བའི་ཡར་སྐུལ་གྲོས་ཚོགས་ཀྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བློ་མཐུན་གྱིས་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཉིས་བརྒྱུད་སྒྲོག་ནན་མོ་བྱས་པ་མ་ཟད། ད་དུང་མཚོ་སྔོན་གྱི་ཁྲིམས་འཛིན་ཚོད་ལྟའི་བྱ་བ་གཏིང་ཟབ་དུ་སྤེལ་བའི་ཐད་བཀོད་སྒྲིག་གང་ལེགས་བྱས། ལིག་ཀྲི་ཆང་དང་ཏུང་ཁེ་ཅོན། ཝང་ཞའོ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་ལས་ཁུངས་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་ཁྲིམས་འཛིན་ཚོད་ལྟའི་བྱ་བའི་ཡར་སྐུལ་གྲོས་ཚོགས་ཀྱི་དགོངས་དོན་དང་། མཚོ་སྔོན་གྱི་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཉིས་ལ་སློབ་སྦྱོང་བཟང་བོ་བྱས་ཏེ། འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་དང་བླང་བྱ་མ་ནོར་མ་འཆུག་པའི་སྒོ་ནས་དུས་ལྟར་རྒྱུས་ལོན་ཡང་དག་བྱས་ནས། ཀྲུང་དབྱང་གི་དགོངས་དོན་དེ་ཉིད་བྱེ་བྲག་གི་ཞིབ་ཕྲའི་ལས་དོན་ཁྲོད་དངོས་འབེབས་དོན་འཁྱོལ་བཟང་བོ་ཡོང་བར་འབད་དེ།བཅོས་སྒྱུར་བྱ་བའི་དམིགས་འབེན་དུས་ལྟར་མངོན་འགྱུར་ཡོང་བར་སྒོ་ཀུན་ནས་འབད་འབུངས་ཧུར་བསྐྱེད་བྱ་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།