IMG_3911.jpg

ཐུན་ཏེ་རྫོང་གི་སྐབས་གཉིས་པའི་ནོར་གནག་རིག་གནས་སྒྱུ་རྩལ་དུས་སྟོན་རྨ་ཞོལ་རྩྭ་ཐང་ནས་བསྡུས།

 

 IMG_3930.jpg

ཁ་ཤགས།

 

 

IMG_3901.jpg

བཤད་པ།

 

 

IMG_3956.jpg

བཞད་གར།

IMG_4011.jpg

གཡག་རྒྱུག

 

 

IMG_3863.jpg

ནོར་གནག

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ནོར་གནག་གི་ཚོང་རྟགས་གྲགས་ཅན་སྔོག་འདོན་དང་གསར་སྤེལ། སྐྱེ་ཁམས་རྫོང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད། གཙང་གསུམ་འབྱུང་ཡུལ་གྱི་ལྷད་མེད་ཐོན་ལས་གཅིག་སྡུད་ཀྱིས་འཕེལ་རྒྱས་དང་ས་གནས་ཀྱི་ཚོང་རྟགས་གྲགས་ཅན་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་་བསམ་ཕྱོགས་ལྟར། ནོར་གནག་རིག་གནས་དྲིལ་སྒྲོག་དང་གསར་སྤེལ་བྱེད་པ་དེ་རྫོང་གི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མེད་དུ་མི་རུང་བའི་བྱེད་ཐབས་གལ་ཆེན་ཞིག་བརྩིས་ནས། སྐབས་གཉིས་པའི་ནོར་གནག་རིག་གནས་སྒྱུ་རྩལ་དུས་སྟོན་ཟླ་བརྒྱད་པའི་ཚེས་གསུམ་ཉིན་རྨ་ཞོལ་རྩྭ་ཐང་ནས་གཟབ་རྒྱས་ངང་བསྡུས།

  ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་ཡུན་ཉིན་གསུམ་ཡིན་པ་དང་། སྒྱུ་རྩལ་དུས་ཆེན་སྟེང་དུ་རྒྱུད་བཟང་ནོར་གནག་འདེམས་པ་དང་། བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་འགྲེམ་སྟོན་བྱེད་པ། རྟ་རྒྱུག་དང་གཡག་རྒྱུག་འགྲན་བསྡུར་བྱེད་པ། སྤུས་བཟང་སྐམས་ཤའི་ཐོན་རྫས་འགྲེམ་ཚོང་སོགས་བྱས་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་གླུ་བ་གླུ་མ་གདན་དྲངས་ནས་ཕུན་སུམ་ཚོགས་པའི་རིག་རྩལ་སྤྲོ་ཚོགས་ཤིག་རང་ས་གནས་དང་ཁྱིམ་མཚེས་རྫོང་གི་ལྟད་མོ་བ་སྟོང་ཕྲག་འགའི་སྤྱན་སྔར་ཕུལ།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།