ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་སོགས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མི་རིགས་སྤྱི་ཚོགས་ཕན་བདེ་གླིང་དང་། མཁར་བྱང་ཁུལ་རྒན་གསོ་ཞབས་ཞུ་དཔེ་སྟོན་རྟེན་གཞི། མཁར་ནུབ་ཁུལ་རྒན་གསོ་ཞབས་ཞུ་དཔེ་སྟོན་རྟེན་གཞི་དང་མཚོ་སྔོན་ཧེ་ཏུའུ་སྡོད་ཁུལ་རྒན་གསོ་ཞབས་ཞུ་ལྟེ་གནས། མཁར་བྱང་ཁུལ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས་བཅས་སུ་སོང་ནས། རྒན་གསོ་རྟེན་གཞིའི་ཆགས་གནས་དང་རྒན་གསོ་ཞབས་ཞུ་བྱ་བ་སྤེལ་བའི་གནས་ཚུལ་ལ་ཡུལ་དངོས་བརྟག་དཔྱད་བྱས།

ཁོང་ཡུང་གིས་བསྟན་དོན། སྤྱི་ཚོགས་རྒན་གསོ་ཞབས་ཞུ་དེ་བཅོས་བསྒྱུར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་དང་འབྲེལ་བ་ཡོད་པ་དང་། རྒན་གསོ་ལས་ཁུངས་དང་རྟེན་གཞིའི་འཛུགས་སྐྲུན་ནི་རྒན་གསོ་བྱ་བ་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་ཡིན་པས། ངེས་པར་དུ་ཁྱད་ཆོས་འབུར་ཐོན་དང་རྒྱུ་སྤུས་ལ་དོ་སྣང་བྱེད་དགོས་པ་དང་། ལོ་ལོན་རྒན་པའི་རྒན་གསོ་ཐད་ཀྱི་དགོས་མཁོ་མི་འདྲ་བར་ཁ་གཏད་དེ། ཁྱིམ་སྡོད་རྒན་གསོ་རྨང་གཞིར་བྱེད་པ་དང་། སྡོད་ཁུལ་གྱི་རྒན་གསོ་རྒྱབ་རྟེན་དུ་བྱས་ནས། རིགས་སྣ་མི་འདྲ་བ་དང་རིམ་པ་མི་འདྲ་བའི་རྒན་གསོ་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་བྱས་ཏེ། རིམ་པ་མང་པའི་སྤྱི་ཚོགས་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་དགོས། སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་རང་བཞིན་གྱི་རྒན་གསོ་ལས་ཁུངས་འཛུགས་རྒྱུ་དེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བྱས་ནས། སྨན་བཅོས་སྡེ་ཁག་དང་རྒན་གསོ་སྡེ་ཁག་གཉིས་བར་ཕན་ཚུན་ཁ་གསབ་དང་ཕན་ཚུན་རོགས་རེས། ཕན་ཚུན་བརྗེ་རེས་འབྲེལ་འདྲིས་བྱེད་པ་མངོན་འགྱུར་བྱེད་དགོས་ཟེར།

ཁོང་ཡུང་གིས་རྒན་གསོ་ཞབས་ཞུ་རྟེན་གཞི་འཛུགས་སྐྲུན་ཐད་ནས། བྱེད་ནུས་གཏན་ཁེལ་བྱེད་པ་དང་སྤྱི་ཁོག་གི་འཆར་འགོད་བཟང་བོ་བྱེད་པ། རྟེན་གཞིའི་འཛུགས་སྐྲུན་དང་མཐའ་སྐོར་ཁོར་ཡུག་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ། སྟོབས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། གཏན་ཁེལ་བྱས་པའི་དུས་བཀག་ནང་རྒྱུ་སྤུས་བཟང་བའི་འཛུགས་སྐྲུན་ཡོངས་འགྲུབ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། དམངས་སྒྲུབ་རྒན་གསོ་ལས་ཁུངས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཧུར་ཐག་གིས་སྤྱི་ཚོགས་ཁྱིམ་སྡོད་རྒན་གསོ་སྒྲིག་ཆས་སྤྱི་ཚོགས་ཡོངས་སུ་ཁེབས་པར་བྱེད་དགོས། མུ་མཐུད་དུ་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་འཐུས་ཚང་དུ་བཏང་ནས། གཞུང་འཛུགས་དམངས་གཉེར་དང་སྲིད་གཞུང་གི་ཞབས་ཞུ་ཉོ་བསྡུ་བྱེད་པ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ། ཞིང་ཆེན་ཡོངས་ཀྱི་རྒན་གསོ་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།