ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནི་བོད་རིགས་མང་པོ་འདུས་སྡོད་བྱས་ནས་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་པ་དང་། རྫོང་ཁོངས་ཆ་སྙོམས་ཀྱི་མཚོ་ངོས་ལས་མུས་སྟོང་བཞི་ཡན་ཆད་དུ་བསླེབ་ཞིང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་གྲངས0.1℃དུ་བསླེབ་པ་དང་། དགུན་རིང་ཞིང་དབྱར་དུས་ཐུང་བས་མཐོ་སྒང་གི་མཁའ་དབུགས་དཀོན་ལ། རང་བྱུང་གི་ཆ་རྐྱེན་ཧ་ཅང་ཞན། ས་དེའི་གཞི་རིམ་གྱི་སློབ་གྲྭའི་དགེ་སློབ་རྣམས་སློབ་ཁྲིད་བྱེད་སྐབས་ལྕགས་ཐབ་ཙམ་ལ་བརྟེན་ནས་སློབ་ཁྲིད་བྱེད་བཞིན་པ་དང་། ཁོ་ཚོའི་དགུན་ཁ་དྲོད་འདོན་དེ་ནི་ཡུན་རིང་ཐག་གཅོད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། རྫོང་སྲིད་གཞུང་གིས་དེར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་སློབ་གྲྭའི་དྲོད་འདོན་གནད་དོན་ཐག་བཅད། གཅིག་སྒྲིལ་རྫོང་གི་རང་སྟེང་གི་ནོར་ཤུགས་མི་འདང་བའི་གནས་ཚུལ་འོག མ་དངུལ་སྒོར་མོ་ས་ཡ་བཞི་དང་འབུམ་གསུམ་ཁྲི་གསུམ་བསྡུས་ནས་ཞང་དང་གྲོང་བརྡལ་གྱི་བཅའ་སྡོད་སློབ་གྲྭའི་དྲོད་འདོན་བཟོ་སྐྲུན་ལག་བསྟར་བྱས་ཤིང་། སློབ་གྲྭ་བཅུ་གཅིག་ནས་མུས་གྲུ་བཞི་མ་དྲུག་ཅུ་ཡོད་པའི་དྲོད་སྐྱེལ་ཁྲོ་ཐབ་ཁང་བཙུགས་ནས། རྫོང་ཡོངས་ཀྱི་དགེ་སློབ་ཚང་མ་ལྕགས་ཐབ་བུས་ནས་སློབ་ཁྲིད་བྱེད་པའི་ལོ་རྒྱུས་མཇུག་རྫོགས་སོང་བས། ས་དེའི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་གཟེངས་བསྟོད་ཐོབ།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།