ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་དང་ཚན་རིག་རྟོག་ཞིབ། ཡུལ་སྐོར་ལས་རིགས་གསར་སྐྲུན། ཆོས་ལུགས་དགོན་སྡེ་གལ་ཆེན་དང་ཡུལ་སྐོར་ལས་རིགས་གཞི་གཅིག་ཅན་བཅས་ཀྱི་ལས་སྒོར་ཤུགས་བསྣན་པའི་འགྲོས་དང་བསྟུན་ནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་བརྩོན་ཆེན་པོས་ལྗང་མདོག་གསུམ་གྱི་ཡུལ་སྐོར་ལས་རིགས་ཤུགས་ཆེན་སྤེལ་བ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྨ་ཆུའི་ཐོན་ཁུངས་ཀྱི་མིང་གྲགས་ཚོང་རྫས་གཉེར་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རེབ་གོང་གསེར་ལྗོངས་ཀྱི་ཡིད་འགུགས་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་བ་སོགས་བརྒྱུད་དེ། ས་གནས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་དཔལ་འབྱོར་འཕེལ་རྒྱས་ཐད་ཉི་མ་མེ་གྲོགས་ཀྱི་བྱེད་ནུས་གལ་ཆེན་བཏོན་ཡོད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཉེ་བའི་ལོ་གཉིས་ཀྱི་རིང་ལ། མཚོ་སྔོན་བོད་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བླངས་ཡོད་པ་མ་ཟད། ཡུལ་སྐོར་བ་སྣེ་ལེན་བྱས་ཚད་དང་ཡུལ་སྐོར་ཡོང་འབབ་འཕར་ཚད་མངོན་གསལ་ཡར་རྒྱས་བྱུང་ཡོད།

བསྡོམས་རྩིས་བྱས་པ་ལས་ཤེས་གསལ་ལྟར་ན། ཉིས་སྟོང་བཅུ་བཞི་ལོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ཧྲིལ་བོར་ཡུལ་སྐོར་བ་ཁྱོན་བསྡོམས་ས་ཡ་ལྔ་དང་འབུམ་དྲུག་ཁྲི་གསུམ་ལྷག་སྣེ་ལེན་བྱས་པ་དང་། དེ་ལས་ཐོབ་པའི་ཡོང་འབབ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ལྷག་ལ་བསླེབས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་ཧྲིལ་བོར་ཁྱོན་བསྡོམས་ཡུལ་སྐོར་བ་ས་ཡ་གསུམ་དང་འབུམ་གཉིས་ཁྲི་གཉིས་ལྷག་སྣེ་ལེན་བྱས་ལ། དེ་ལས་ཐོབ་པའི་ཡོང་འབབ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་ལ་སོན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་གང་བོར་ཁྱོན་བསྡོམས་ཡུལ་སྐོར་བ་ས་ཡ་གསུམ་དང་ཁྲི་གཅིག་ལྷག་སྣེ་ལེན་བྱས་ཤིང་། དེ་ལས་ཐོབ་པའི་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་ལ་བསླེབས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་གང་བོར་ཁྱོན་བསྡོམས་ཡུལ་སྐོར་བ་འབུམ་གསུམ་ལྷག་སྣེ་ལེན་བྱས་ཤིང་། དེ་ལས་ཐོབ་པའི་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་གཅིག་ལྷག་སོན་ཡོད། ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།