ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་སྐབས་དང་པོའི་སྐྱེ་ཁམས་ཕྱོགས་བསྡུས་ཕན་འབྲས་དཔྱད་འཇོག་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོའི་སྐྱེ་ཁམས་ཕྱོགས་བསྡུས་ཕན་འབྲས་ཀྱི་དཔྱད་འཇོག་སྙན་ཞུར་ཉན་པར་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱས་ནས། དཔྱད་འཇོག་མཇུག་འབྲས་འཐུས་ཚང་དུ་བཏང་།

ཉིས་སྟོང་ལྔ་ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པའི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སྤྱིའི་འཆར་འགོད་ཐད་ལ་མ་དངུལ་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་དར་སྤེལ་དུ་བཏང་། སྐྱེ་ཁམས་བཟོ་སྐྲུན་སྐབས་དང་པོའི་ཚོད་ལྟའི་ལྟ་སྐུལ་དང་དཔྱད་འཇོག་བྱ་བར་གྲུབ་འབྲས་བཟང་པོ་ལེན་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་། ཞིང་ཕྱུགས་ཐིན། ནགས་ལས་ཐིན། གནམ་གཤིག་རྟོག་དཔྱོད་ཅུའུ་བཅས་ལས་ཁུངས་ཀྱིས་མཉམ་དུ་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཚོད་ལྟའི་ལྟ་སྐུལ་བྱ་བའི་ཚན་ཆུང་འཛུགས་རྒྱུ་གཏན་ལ་ཕབ། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གཉིས་ཀྱིས་རྩ་འཛུགས་དང་མཐུན་སྦྱོར་འོག སྐྱེ་ཁམས་བཟོ་སྐྲུན་སྐབས་དང་པོའི་གྲུབ་འབྲས་ལ་བསྟུད་མར་ལོ་དགུའི་ནང་དུ་ཚོད་ལྟའི་ལྟ་སྐུལ་དང་དཔྱད་འཇོག་བྱས་ཤིང་། དེ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་སྐྱེ་ཁམས་སྲུང་སྐྱོབ་དང་། འཛུགས་སྐྲུན་བཟོ་སྐྲུན་སྐབས་དང་པོའི་སྐྱེ་ཁམས་ཕྱོགས་བསྡུས་དཔྱད་འཇོག་བྱ་བ་བཟང་པོར་བསྒྲུབ་སྟེ། སྐྱེ་ཁམས་མ་ལག་གི་ཞབས་ཕྱིའི་ནུས་པ་མཐོར་འདེགས་སུ་བཏང་ནས། སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྲུན་བྱ་བར་གྲུབ་འབྲས་ལེགས་པོ་ཞིག་བླངས།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།