ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བཞི་བ་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཀྲུའུ་ཞི་གཞོན་པ་ལོ་ཁྲའོ་ཡང་དང་པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། གཟིམ་ཁང་ཚང་། དྲུང་ཡིག་ཆེན་མོ་ཝང་ཅིན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ང་ལྔ་བཅས་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས། ཚོགས་ཞུགས་མི་སྣ་ཚོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་གནས་ཚུལ་མདོར་བསྡུས་དང་། དགོངས་དོན་གཙོ་བོ། ཨུ་ཡོན་ཚོའི་གྲོས་ཞིབ་ཁྲོད་བཏོན་པའི་གྲོས་གཞི་གལ་ཆེན། མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོས་སྲིད་ཞུགས་སྲིད་གླེང་བྱས་པའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་དུ་བཅུག
ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2015ལོའི་བྱ་བ་གཙོ་བོར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་བའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཐེངས་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་ཨུས་གཏན་ཁེལ་བྱས་པའི་མཚོ་སྔོན་སྐྱོང་བའི་འཐབ་ཇུས་ལྟར་དུ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅངས་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཁྲོད་ཀྱི་ཁྱབ་ཁོངས་གཙོ་བོ་དང་གནད་འགག་དུས་རིམ། གནད་དོན་གལ་ཆེན་བཅས་ལ་དམ་དུ་དམིགས་ནས། ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་བཟང་བོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་དོན་སྣ་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་རྒྱུ་གཏན་ཁེལ་བྱས།
རིན་ཆེན་རྒྱལ་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགན་ནུས་སྒྲུབ་པ་དམངས་ཀྱི་ཆེད་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། འགན་སྒྲུབ་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ་བཅས་ལ་དམིགས་ནས་གཏམ་བཤད་སྤེལ།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཞིར་བཟུང་ནས། ང་ཚོའི་འགན་ནུས་སྒྲུབ་པའི་འདུ་ཤེས་དང་འགན་སྒྲུབ་ཆུ་ཚད་ལ་ཞིབ་ལྟ་བྱས་ཏེ། ཧུར་ཐག་གིས་མང་ཚོགས་ལ་སྲིད་གྲོས་རང་ཉིད་དང་ཐག་ཧ་ཅང་ཉེ་བའི་ཚོར་སྣང་སྟེར་དགོས། ནམ་ཡང་དམངས་ཀྱི་དོན་དུ་འགན་ནུས་སྒྲུབ་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་འགན་ནུས་སྒྲུབ་པའི་དམིགས་ཡུལ་བྱས་ནས། འགན་ནུས་སྒྲུབ་པའི་གོ་རིམ་ཁྲོད་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་མང་ཚོགས་ཀྱི་རེ་འདོད་དང་འདོད་བློ་མཚོན་པར་བྱས་ཏེ། རྒྱུ་སྤུས་མཐོ་བའི་གྲོས་གཞི་དང་བསམ་འཆར་འདོན་དགོས་ཟེར།
ཚོགས་ཐོག་ནས་ད་དུང་འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །
རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།
འབྲེལ་ཡོད་རྩོམ་ཡིག

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།