ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་རྫོང་གི་རྐང་ཚ་ཞང་དང་བིས་མདོ་ཞང་། ཞོན་ཧྭ་རྫོང་ཁྲིམས་ཁང་དང་རྫོང་སྤྱི་བདེ་ཅུའུ། དཔའ་ལུང་རྫོང་ཚ་ཕུག་ཞང་མངག་གཏོང་ཁང་། ཁྲིམས་འཛིན་ཁང་སོགས་སུ་སོང་ནས་གཞི་རིམ་གྱི་བདེ་འཇགས་འཛུགས་སྐྲུན་དང་ཁྲིམས་སྐྱོང་འཛུགས་སྐྲུན། དཔུང་སྡེ་འཛུགས་སྐྲུན་དང་ཕྱོགས་བསྡུས་བཅོས་སྐྱོང་དང་གཏན་འཇགས་སྲུང་སྐྱོབ་ཀྱི་གཞི་རིམ་རྨང་གཞི་འཛུགས་སྐྲུན་བཅས་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཀྲང་ཀོང་རོང་གིས་བསྟན་དོན། བདེ་འཇགས་དང་གཏན་འཇགས་ནི་མང་ཚོགས་ཀྱི་བདེ་སྐྱིད་དང་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཐེངས་བརྒྱད་པ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་ངོས་འཛིན་དང་རྒྱུས་ལོན་ཡང་དག་བྱས་ནས། འགན་ཁུར་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནས་ཚུལ་དངོས་ལ་དམིགས་ནས། བྱེད་ཐབས་སྣ་ཚོགས་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཐད་གཏན་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། གཞི་རིམ་དང་རྨང་གཞི་ནས་དམ་འཛིན་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་སྐྲུན་བྱེད་པ་དང་། ཧྥིན་ཆའོ་ཉམས་མྱོང་རང་ས་གནས་ཅན་དུ་བསྒྱུར་ནས། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཉམས་སུ་མྱོང་ཐུབ་པའི་བདེ་འཇགས་བཟོ་སྐྲུན་གསར་སྐྲུན་བྱེད་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་ནས། རྒྱུན་མཐུད་ནས་ཁྲིམས་ལྟར་རྫོང་སྐྱོང་བ་དང་ཁྲིམས་ལྟར་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་སྐུལ་འདེད་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཀྱིས་འགལ་ཟླ་དང་གནད་དོན་ཐག་གཅོད་དགོས། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་དང་སྤྱི་བདེའི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དགོངས་དོན་ལ་སློབ་སྦྱོང་དང་རྒྱུས་ལོན་བྱས་ཏེ། བཅོས་བསྒྱུར་དང་མཐུན་པ་དང་། བཅོས་བསྒྱུར་ཁྲོད་ཞུགས་པ། བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྒྱུན་རྣམ་གསར་བ་དང་མཐུན་པར་བྱེད་པ་དང་། སྲིད་ཁྲིམས་དཔུང་སྡེར་དོ་དམ་ནན་མོ་བྱེད་པ་དེ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། ཁྲིམས་གཟབ་ནན་དང་དཔལ་ཡོན། དྲང་གཞག་སྒོས་འཛིན་པར་ཁག་ཐེག་བྱས་ཏེ། མུ་མཐུད་དུ་ཁྲིམས་འཛིན་ཐད་ཀྱི་ཡིད་ཆེས་དང་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།